分享按钮

ལྷུན་གྲུབ་རྫོང་གིས།

གཞི་རིམ་དུ་བསྐྱོད་པ་བཞིར་སྐུལ་འདེད་བཏང་ནས་གཙོ་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བ།

གཙོ་དོན་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷུན་གྲུབ་རྫོང་གིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སེམས་ནུས་ཡོད་རྒུས་དྲིལ་བསྒྲགས་དང་སྒྲོག་འགྲེལ་དང་། བརྟག་ཞིབ་ཏན་ཏིག ཡིག་བསྐུར་ངོ་བཅར་ལ་སྣེ་ལེན་ཞུ་བ། ཡུལ་དངོས་སུ་གཞུང་དོན་བསྒྲུབས་པ་སོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཏན་ཏིག་བསྐྱོད་དེ་གཞི་རིམ་དུ་བསྐྱོད་པ་བཞིའི་ལས་ཀའི་ལམ་ལུགས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

ཏང་གི་གསུང་སྒྲ་དེ་མང་ཚོགས་ཀྱི་རང་རྟོགས་ཀྱི་འདུ་ཤེས་སུ་གྱུར་བ།

ལྷུན་གྲུབ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཤམ་སྤེལ་བདུན་འཛུགས་སྐྱོང་བྱེད་སྒོ་དང་ཟུང་འབྲེལ་གྱིས་གྲོང་ཚོ་དང་ཚོགས་ཆུང་ཁག་ཏུ་ཟབ་བསྐྱོད་བྱས་ནས་དཀའ་སྤྱད་ཀྱི་སྒྲོག་འགྲེལ་བྱ་ཐབས་སྤྱད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་དང་འདུ་ཤེས་གསུམ་སོགས་ཀྱི་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྒོ་ཐེངས་4སྤེལ་ཞིང་། རྫོང་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྒྲོག་འགྲེལ་ཐེངས་5བྱས་པར་མང་ཚོགས་མི་ཐེངས་200ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། ལྷུན་གྲུབ་རྫོང་ཨུད་སྐོར་སྐྱོད་ཏང་གི་སློབ་གྲྭ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ(ས་ཚིགས)སོགས་ཀྱི་གཞི་རྟེན་དང་གཞི་རིམ་གྱི་སྒྲོག་འགྲེལ་སྟོབས་ཤུགས་ལ་བརྟེན་ནས་སྒྲོག་འགྲེལ་དང་། དྲིལ་བསྒྲགས། མཉམ་འགུལ་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གྱི་གཙོ་དོན་སློབ་གསོའི་སྐོར་སྐྱོད་སྒྲོག་འགྲེལ་ཐེངས་10བྱས་པ་དང་། ཞིང་ནང་དང་མུ་ཁར་སྒྲོག་འགྲེལ་ཐེངས་98བྱས་པར་མི་ཐེངས་7500ལྷག་ཙམ་ལ་ཕན་པ་ཐོབ་ནས་གཏན་འཇགས་བཤད་སྟེགས་དེ་གྲོང་ཚོ་དང་ཚོགས་ཆུང་གི་འཐབ་ས་མདུན་མ་དང་། ཁང་པའི་རྒྱབ་མདུན། ཞིང་ནང་དང་མུ་ཁ་བཅས་སུ་སྤོས་པ་དང་། དུས་མཚུངས་ཞིང་ནང་དུ་འཛོམས་པའི་རྣམ་པའི་ཐོག་ནས་ཏང་ཡོན་དང་མང་ཚོགས་མཉམ་དུ་ཐོག་མའི་བསམ་འདུན་གླེང་བ་དང་མྱོང་ཚོར་གླེང་བ་བརྒྱུད། ཏང་གི་འདོད་ཚུལ་དེ་མང་ཚོགས་ཀྱི་རང་རྟོགས་ཀྱི་འདུ་ཤེས་སུ་ཟམ་མི་ཆད་པར་གྱུར་ཡོད།

གནད་དོན་གྱི་གསལ་ཐོ་དེ་བདེ་སྐྱིད་ཀྱི་རྩིས་ཁྲར་གྱུར་བ།

ལྷུན་གྲུབ་རྫོང་གིས《རྫོང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དུས་ཐོག་ཏུ་པར་འགྲེམས་བྱས་པ་དང་། ལྷུན་གྲུབ་རྫོང་གི་དཔུང་ཁག་ཆེན་པོ་བཞི་དང་། རྫོང་རིམ་པའི་དགོན་སྡེ་དོ་དམ་ཨུ་ལྷན། ལས་རིགས་ཁག་གི་ཁོངས་གཏོགས་འགོ་ཁྲིད་དཔུང་ཁག་བཅས་ཀྱིས་གནད་དོན་ལ་དམིགས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་དུས་ཚོད་དང་། ས་ཆ། ནང་དོན་བཅས་གསལ་སྟོན་བྱས་པ་དང་། དཔུང་ཁག་ཚན་པར་བྱས་ཏེ་བརྟག་ཞིབ་ཀྱི་འཆར་གཞི་ཞིབ་ཕྲ་ཞིབ་འཇུག་དང་གཏན་འཁེལ་བྱས་པ་དང་། ཧྥེང་ཆའོ་ཡི་ཉམས་མྱོང་ཁྱབ་གདལ་གཏོང་བ་དང་ཉམས་ཞན་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་སོགས་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་21བཏོན་ཏེ། གནད་དོན་གསལ་ཐོ་23གོང་འབུལ་ཞུས་པ་དང་། སྒྲིག་སྲོལ་ལམ་ལུགས་14བཙུགས་པ་རེད། ཆེད་དོན་ཚོགས་འདུ་དང་ཆེད་ལས་ཚོགས་ཆུང་གི་ལས་ཀར་སྐུལ་སྤེལ་ཚོགས་འདུ་ཐེངས་4འཚོགས་ནས་རིམ་པ་ཁག་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་གཅིག་བསྡུས་ཀྱིས་ཉན་འཇོག་དང་། གནད་དོན་ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག་ནན་ཏན་བྱས་པ། དམངས་ཕན་གྱི་དངོས་དོན་ངོ་གྲངས་63བསྒྲུབས་པ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-20 ལྷུན་གྲུབ་རྫོང་གིས། 6 6 拉萨日报藏文 c174275.html 1 གཞི་རིམ་དུ་བསྐྱོད་པ་བཞིར་སྐུལ་འདེད་བཏང་ནས་གཙོ་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བ། /enpproperty-->