分享按钮

རང་གྲོང་གི་གསར་འགྱུར་དྲིལ་བསྒྲགས་ལས་ཀའི་མཐུན་སྦྱོར་ཚོགས་འདུ་འཚོགས་པ།

ཝང་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚེས་17ཉིན།ལྷ་ས་གྲོང་ཁྱེར་གྱི་གསར་འགྱུར་དྲིལ་བསྒྲགས་ལས་ཀའི་མཐུན་སྦྱོར་ཚོགས་འདུ་འཚོགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་2023ལོའི་གསར་འགྱུར་དྲིལ་བསྒྲཊ་ལས་དོན་དང་།གླེང་ཕྱོགས་ཁྲིད་སྟོན་དང་དོ་དམ་ཚོད་འཛིན་ལས་དོན།དེ་བཞིན་གཙོ་གནད་གསར་འགྱུར་བཅར་འདྲིའི་ལས་དོན་སྤེལ་ཚུལ་བཅས་ཕྱོགས་བསྡོམས་དང་བརྡ་ཁྱབ་བཏང་བ་དང་།ལྷ་ས་གྲོང་ཁྱེར་གྱི་2024ལོའི་གཙོ་གནད་གསར་འགྱུར་དྲིལ་བསྒྲགས་ལས་འགན་བཀོད་སྒྲིག་བྱས་པ་རེད།

ཝང་ཧུའེ་ཡིས་འདས་ཟིན་པའི་ལོ་གཅིག་ནང་གཙོ་དོན་སློབ་གསོ་དྲིལ་བསྒྲགས་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ།གསར་འགྱུར་གླེང་ཕྱོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་ཡང་དག་དེ་བཞིན་གཙོ་རྒྱུན་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བའི་ཐད་ཚད་བརྒལ་རང་བཞིན་གྱི་ཕན་འབྲས་ཐོན་ནས་ལྷ་སའི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད།

ཝང་ཧུའེ་ཡིས་རིམ་ཁག་ཚན་ཁག་གིས་ནོར་འཁྲུལ་གྱི་འདུ་ཤེས་གསུམ་དོར་ནས་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པ་དང་།ལས་ཀའི་ལམ་སྲོལ་བཞི་འཐུས་ཚང་དུ་བཏང་ནས་སྨྱན་སྦྱོར་ཡོངས་ཀྱི་དུས་རབས་ཀྱི་དྲིལ་བསྒྲགས་ཆེ་མོའི་རྣམ་པ་གཏོད་དགོས་པ།ནུས་པ་ལྔ་ཆེ་རུ་བཏང་ནས་རང་གྲོང་གི་2024ལོའི་གསར་འགྱུར་དྲིལ་བསྒྲགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཝང་ཧུའེ་ཡིས་2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་།ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བ།བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་65འཁོར་བ།ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ལག་ལེན་བསྟར་བའི་འགག་རྩའི་ལོ་ཞིག་བཅས་རེད།ང་ཚོས་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ལས་ཀའི་གཙོ་གནད་ལ་དམ་པོར་དམིགས་ཏེ་མཉམ་དུ་ཤུགས་རྒྱག་པ་དང་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ།དྲང་ནུས་གཅིག་ཏུ་སྒྲིལ་བ་དང་།སྤུས་རྟགས་གསར་གཏོད་དང་།བརྗོད་གཞི་སྒྲིག་འགོད།ཁྲིད་སྟོན་དོ་ཁུར།དྲ་ཐོག་འཐབ་རྩོད་སོགས་ཀྱི་དྲིལ་བསྒྲགས་ནུས་པ་ཆེ་རུ་གཏོང་བ།ལྷ་སའི་དྲིལ་བསྒྲགས་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

རྫོང(ཆུས)ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་།བྱེད་ནུས་གླིང་ཁུལ། གྲོང་ཁྱེར་ཐད་གཏོགས་ཀྱི་ཚན་པ་ཁག དགོན་སྡེ་དོ་དམ་ཨུ་ལྷན།གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སོགས་སྡེ་ཚན་དང་ཁེ་ལས་ཀྱི་ཁག་བགོས་འགོ་ཁྲིད་དང་གསར་འགྱུར་མི་སྣ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-20 རང་གྲོང་གི་གསར་འགྱུར་དྲིལ་བསྒྲགས་ལས་ཀའི་མཐུན་སྦྱོར་ཚོགས་འདུ་འཚོགས་པ། 6 6 拉萨日报藏文 c174270.html 1 ཝང་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། /enpproperty-->