分享按钮

གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས།

དྲོ་སྐྱིད་ལྡན་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་དེ་གཙོ་དོན་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་དམངས་འཚོར་ཕན་བཏགས་པ།

གཙོ་དོན་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མངོན་གསལ་དོད་པོ་གསུམ་འདེགས་སྐྱོར་དུ་བྱེད་པ་དང་། སྔོན་ལ་སྤེལ་བ་བཅུ་འདེགས་སྐྱོར་དུ་བྱེད་པ། ལྟེ་བ་གསུམ་གྱི་ཞབས་ཞུ་དམ་འཛིན་བྱ་གཞིར་བྱེད་པ། དྲོ་སྐྱིད་ལྡན་པའི་མི་སྤྱི་ཅུས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་པ། ཞབས་ཞུ་བྱེད་སྟངས་སྔར་བས་ལེགས་སུ་གཏོང་བ། ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་མི་སྤྱིའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་དངོས་ཀྱི་ཕན་འབྲས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཙོ་དོན་སློབ་གསོའི་གྲུབ་འབྲས་གང་ལེཊ་མངོན་ཡོད།

མངོན་གསལ་དོད་པོ་གསུམ་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ།

གཙོ་དོན་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཏང་ཙུའུ་ཡིས་མངོན་གསལ་དོད་པའི་ཆབ་སྲིད་འཛུགས་སྐྱོང་དང་། མངོན་གསལ་དོད་པའི་བསམ་བློ་འཛུགས་སྐྱོང་། མངོན་གསལ་དོད་པའི་ནུས་པ་འཛུགས་སྐྱོང་བཅས་གཞི་རྟེན་དུ་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དག་བཅོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་བཅས་ལ་སྐུལ་འདེད་བཏང་བས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་ཐོབ་ཡོད། དཔེ་སྟོན་གསུམ་ཡག་པོ་བྱེད་པ་དང་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱེད་པའི་དམིགས་ཡུལ་ལ་དམིགས་ནས་ཚན་ཁག་གི་ཁོངས་མིས་ཏང་གི་སློབ་ཚན་འཁྲིད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་ཏང་ཡོན་ལས་བྱེད་པས་གཏན་འཁེལ་གཉིས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པར་བྱས་ཡོད། སྡེ་ཁུལ་དང་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྒོ་ར་ཆེན་པོ་བསྐྲུན་པ་དང་། ང་ཚོའི་དུས་ཆེན་མཉམ་དུ་གཏོང་བ། དང་བླངས་ཞབས་ཞུའི་ནང་མཉམ་དུ་ཞུགས་པ། བསམ་འདུན་ཆུང་ངུ་སྒྲུབ་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཆ་སྒྲིག་མཉམ་སྐྲུན་གྱིས་ཚང་མའི་སེམས་ཀྱི་འདུན་པ་བསྐངས་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་པ། དཔེ་ཀློག་ལ་དགའ་བའི་ལས་ཁུངས་ཀྱི་དཔེ་ཀློག་གི་བྱེད་སྒོ་སྤེལ་ཐོག་དཔེ་ཀློག་ལ་དགའ་བའི་མི་དང་། ཕུལ་བྱུང་གི་མྱོང་ཚོར། ཕུལ་བྱུང་གི་ཟིན་བྲིས་པ་སོགས་ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ལས་བྱེད་པས་ཕན་ཚུན་སྤེལ་རེས་བྱེད་པའི་ལས་དོན་སྤེལ་ནས《ལྷ་སའི་མི་སྤྱིའི་ཏང་འཛུགས་སྐྱོང》ཞེས་པའི་དུས་དེབ་དང་གཙོ་དོན་སློབ་གསོའི་གཟའ་འཁོར་ཚགས་པར་བཟོས་ཏེ་དུས་བཀག་ལྟར་ཤེས་བྱའི་འགྲན་བསྡུར་དང་རིགས་པའི་གཞུང་ལུགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ནས་ལྷ་སའི་མི་སྤྱི་ཁོངས་གཏོགས་ཀྱི་མི་སྣ་གྲགས་ཅན་བཅུའི་དཔྱད་འདེམས་ལས་དོན་སྤེལ་ཏེ་ལས་བྱེད་པ་རང་ངོས་ཀྱི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་ལས་བྱེད་པས་འགན་འཁྲི་འཁུར་རྒྱུར་སྐུལ་ལྕག་བྱས་ཡོད།

སྔོན་སྤེལ་བཅུ་འདེགས་སྐྱོར་དུ་བྱས་ཏེ་མཉམ་འདྲེས་འཕེལ་རྒྱས་དེ་བས་གཏིང་ཟབ་ཡོང་བར་བྱས་པ།

གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་དམངས་འཚོའི་དོན་དངོས་ལ་དམིགས་ཏེ་འཆར་འགོད་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ཞིབ་ཕྲའི་བྱེད་ཐབས་བཟོ་བ། བྱ་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ནས་གཙོ་གནད་དམིགས་ཚད་ལས་འགན་ཁག་སྔ་སྣུར་དང་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཡོད། དེ་ཡང་ལས་ཞུགས་ལས་གཏོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་ལྗོངས་ཡོངས་ཀྱི་གནས་སྐབས་གླ་པའི་ཁྲོམ་ར་དང་པོ་དང་གྲོང་ཁྱེར་ཡོངས་ཀྱི་ལག་ཤེས་པའི་སློབ་གླིང་དང་པོ་དེ་སྔོན་ལ་བསྐྲུན་ནས་ལྗོངས་ཡོངས་སུ་དུད་ཚང་རེར་རྩལ་ནུས་རེ་གསོ་སྦྱོང་བྱས་ཏེ་སྔོན་ལ་ལྗོངས་ཡོངས་སུ་གནད་སྨིན་ལས་གནས་ཀྱི་སྦྲེལ་མཐུད་བྱེད་སྟངས་ཁྱབ་གདལ་བཏང་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་དམིགས་ཚད་ལས་འགན་སྔོན་ལ་ལེགས་སྒྲུབ་བྱས་པ་རེད། མིག་སྔར་སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་ཐུབ་ཚད་བརྒྱ་ཆ་99.2ཟིན་པ་དང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་བརྒྱ་ཆ་14.7ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཞིང་འབྲོག་པའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཀྱི་བལྟོས་མེད་རིན་ཐང་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་འཕར་ཚད་ས་ཁུལ་དང་གྲོང་ཁྱེར་གཞན་དག་ལས་བརྒྱ་ཆའི་གྲངས་2.5ཡི་མཐོ་བ་ཡོད་པ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ལྗོངས་ཡོངས་སུ་གཞི་རྩའི་རྒན་གསོ་དང་། ལས་རྨས། ལས་ཤོར་འགན་བཅོལ་བཅས་གཅིག་གྱུར་སྒྲུབ་གཉེར་དང་། གཅིག་གྱུར་རྩིས་བཤེར། གཅིག་གྱུར་སྤྲོད་གཏོང་བཅས་ལག་བསྟར་བྱས་ནས་ལྗོངས་ཡོངས་སུ་སྐར་མ་15ཡི་ནང་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་ཞབས་ཞུའི་ཚོགས་པ་དང་པོ་སྔོན་ལ་བཏོད་དེ་ཐག་ཉེ་ས་ནས་གཉེར་བ་དང་དྲ་ཚིགས་ནས་གཉེར་རྒྱུ་མངོན་འགྱུར་བྱུང་བ་དང་། ཤེས་ལྡན་པའི་མི་དོན་ལས་དོན་ལེགས་སུ་གཏོང་བའི་ཐད་ལྗོངས་ཡོངས་ཀྱིས་སྔོན་ལ་སྡེ་ཁུལ་ལས་དོན་པའི་ལས་རིགས་མ་ལག་འཛུགས་སྐྱོང་ཚོད་ལྟ་བྱས་པ་དང་འབྲེལ་སྡེ་ཁུལ་གྱི་ལས་དོན་མི་སྣ་1220གདན་ཞུ་བྱས་ཡོད། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པའི་ཐད་ལྗོངས་ཡོངས་སུ་གཞི་རིམ་གྱི་ངལ་རྩོལ་འགན་ལེན་ལྟ་ཞིབ་དང་ལས་གནས་ཐོག་རེས་སྐོར་གསོ་སྦྱོང་གི་ལས་དོན་སྔོན་ལ་སྤེལ་བ་དང་། ལྗོངས་ཡོངས་ཀྱི་རྫོང་རིམ་པའི་འདུམ་གཅོད་ཁང་དང་པོ་དེ་སྔོན་ལ་བསྐྲུན་པ། ལྗོངས་ཡོངས་ཀྱི་འདུམ་གཅོད་དངོས་ཚན་ཅན་དང་དེ་བཞིན་ཁྲིམས་རའི་འདྲི་གཅོད་མ་བྱས་གོང་གི་ཆུ་ཚོད་ཕྱེད་ཀའི་རིང་གི་འདུམ་འགྲིག་ལམ་སྲོལ་སྔོན་ལ་བཙུགས་ནས་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མི་སྤྱིའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

ཞབས་ཞུ་གསུམ་དམ་འཛིན་བྱ་གཞིར་བྱས་ནས་མང་ཚོགས་ཀྱི་དགོས་མཁོར་དམ་པོར་བསྟུན་པ་དང་དེ་བས་ཕན་འབྲས་ཐོན་པར་བྱས་པ།

གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ནན་ཏན་བསྟར་ནས་སེམས་ནུས་ཡོད་རྒུས་ཞབས་ཞུ་དང་། དྲོ་སྐྱིད་ཀྱི་ཞབས་ཞུ། སྙིང་ཉེ་བའི་ཞབས་ཞུ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ལ་བྱ་བ་བསྒྲུབ་རྒྱུ་དེ་བས་སྟབས་བདེ་དང་། ལས་ཕྱོད་ཆེ་བ། བློ་ཡིད་ཚིམ་པོ་བཅས་ཡོང་བར་བྱས་ནས་མང་ཚོགས་ཀྱི་བྱ་བ་ཙག་ཙིག་ཚང་མ་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཀྱི་དཀའ་ངལ་དང་། འཕྲལ་མཁོ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད། གཞི་རིམ་དུ་སྐྱོད་པ་བཞི་དང་། ཁེ་ལས་ལ་རོགས་རམ། ཐོ་འགོད་གཉིས། སྐར་བསགས་གཉིས་སོགས་ཀྱི་ལས་དོན་ཁྲོད་མང་ཚོགས་ཀྱི་གླ་ཆ་ཆད་འགྱངས་དང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་དངོས་ཡོད་དཀའ་ངལ་200ལྷག་ཙམ་ཐག་གཅོད་བྱས་པ་དེ་དག་དངུལ་འབོར་སྒོར་ཁྲི་2000ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་ཕན་བདེ་ཁང་དང་། གཤོང་དགའ་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་བཅས་ལ་རིམ་རྩིས་བྱས་ན་སྒོར་ཁྲི་1.5ལྷག་ཙམ་རི་བའི་དངོས་ཟོག་ཞལ་འདེབས་བརྒྱབ་པ། གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཏང་ཡོན་ལས་བྱེད་པས་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་ཁྱིམ་ཚང་ལ་དོན་དངོས་དང་བྱ་བཟང་30ལྷག་ཙམ་བསྒྲུབས་པ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དཀའ་ངལ་ཡོད་པའི་རྒན་རྒོན་30ཆ་སྒྲིག་གཉེན་འཚོལ་བྱས་པ་དང་འབྲེལ་འཚམས་འདྲི་དང་རོགས་སྐྱོར་ཡང་བྱས་པ་རེད། དྲོ་སྐྱིད་ལྡན་པའི་མི་སྤྱི་ཅུས་ཀྱི་སྤུས་རྟགས་ལ་བརྟེན་ནས་སྤྱི་ཚོགས་འགན་སྲུང་གི་གསར་བརྗེའི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་3གྱི་སྡེ་ཁུལ་15ཡི་གནའ་གྲོང་དང་སྒོ་ར་321ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་དང་ལས་ཞུགས་དཀའ་བའི་ཁྱིམ་ཚང་གི་བརྟག་དཔྱད་མཐིལ་རྟོགས་ལས་དོན་སྤེལ་ནས་སྲིད་ཇུས་སྒྲོག་འགྲེལ་དང་། ལས་གནས་མཁོ་འདོན། གསོ་སྦྱོང་བྱེད་པ། ཞབས་འདེགས་ཞུ་བ་བཅས་བྱས་པ། དེ་དང་ཆབས་ཅིག་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་ཐོན་པའི་སློབ་མའི་ཆེད་ལས་དང་འདོད་མོས་ལ་གཞིགས་ནས་ཁྲོམ་གཞུང་ཚང་མར་བསྐྱོད་དེ་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་ཐོན་པའི་སློབ་མར་ལས་གནས་འོས་སྦྱོར་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་མཐུན་སྦྱོར་སྦྲེལ་མཐུད་བྱས་པས་ལས་ཞུགས་ཞབས་ཞུ་གནད་སྨིན་ཡོང་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་མི་སྤྱིའི་ཞབས་ཞུ་ཧུར་ཐག་བཏོད་དེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་འགན་ལེན་བྱས་པ་རེད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-20 གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས། 6 6 拉萨日报藏文 c174271.html 1 དྲོ་སྐྱིད་ལྡན་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་དེ་གཙོ་དོན་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་དམངས་འཚོར་ཕན་བཏགས་པ། /enpproperty-->