ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ལྐོག་ཞིབ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱེད་སྐབས་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དུ་ཡོད་པའི་གསེར་དངུལ་ལས་སྣོན་ཁྲོམ་ར་དང་དེའི་ཉེ་འཁོར་དུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཧ་ཅང་ཆེན་པོ་གནས་ཡོད་པ་ཤེས་རྟོགས་བྱུང་ཡོད། དེར་བརྟེན་གསར་འགོད་པས་སླར་ཡང་གནས་དེར་བཅར་འདྲི་བྱས་པ་ཡིན།
གསེར་དངུལ་ལས་སྣོན་ཁྲོམ་རའི་ནང་འཛུལ་སའི་ཀྲེ་ཤིན་ཟོག་འགྲེམས་སུ་གསར་འགོད་པས་ལས་རེས་ཁང་གི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ཀྱི་བརྡ་རྟགས་ཞན་པ་དང་ས་ཁོངས་དེའི་མེ་ཟོན་སྒྲིག་ཆས་ཁག་གཅིག་ལ་བཙའ་སྐྱོན་ཕོག་ཡོད་པ་མ་ཟད། མཛོད་ཁང་ནང་དངོས་ཟོག་མང་པོ་སྤུངས་ཡོད་པ་མཐོང་བྱུང་། ཁྲོམ་རའི་ནང་གི་ཧོ་ཧྲེ་བོགས་གཏོང་ཁང་པ་དང་ཡུས་ཅིང་སྤྱི་ཤག་ཏུ་གང་སར་གློག་སྐུད་ཟང་ཟིང་མཐོང་རྒྱུ་ཡོད་ལ། ནང་ཁུལ་གྱི་ཁོར་ཡུག་དང་དེ་བཞིན་མིང་ཙམ་གྱི་མེ་ཟོན་ཆུ་ཟོམ་བཅས་ལས་བདེ་འཇཊ་ཀྱི་མངོན་མེད་རྐྱེན་ངན་གང་སར་གནས་ཡོད།
གོང་གསལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཕུད། གསར་འགོད་པས་གྲོང་སྐོར་བྲག་ཕུག་དང་པོའི་བྱང་ངོས་ཀྱི་ཐོན་སྒོའི་རིག་ལྡན་འགྲིམ་འགྲུལ་གྱི་སྒམ་འགྲམ་དང་སྤྱི་སྤྱོད་རླངས་འཁོར་གནས་སྐབས་འཇོག་སར་བཙོག་གཅིན་གང་བྱུང་དུ་བཏང་བའི་ཤུལ་མཐོང་བྱུང་། ཁྲོམ་རའི་ནང་གི་ཡུས་ཅིང་སྤྱི་ཤག་དང་རུའེ་ཞའི་ཁྱིམ་གཞིས་ཀྱི་བོགས་གཏོང་ཁང་པའི་ཉེ་འཁོར་དུ་གད་སྙིཊ་གང་སར་མཐོང་རྒྱུ་ཡོད་ལ། ཆུ་སྦུག་བཙོག་པ་གང་སར་མཐོང་རྒྱུ་ཡོད་པས་གྲོང་ཁྱེར་གྱི་རྣམ་པ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།
བདེ་འཇགས་ཐོན་སྐྱེད་ལས་དོན་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པས་མི་རིགས་ཁག་གི་མང་ཚོགས་ཀྱིས“མངོན་མེད་རྐྱེན་ངན་མེ་ལས་ཉེན་ཁ་ཆེ་བ་དང་། ཆུ་མ་ཤོར་གོང་ནས་ཆུ་རྒྱག་པ། འགན་འཁྲི་རི་བོ་ཐའེ་ཧྲན་ལས་ལྕི་བ་བཅས་ཀྱི་བདེ་འཇགས་འདུ་ཤེས་བརྟན་པོར་བཙུགས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་དོན་འཁྱོལ་བྱེད་དགོས། འདིར་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་བདེ་འཇགས་སྣང་ཆེན་བྱས་ནས་སོལ་རླངས་དང་གློག་སྤྱོད་བདེ་འཇགས་ལ་ཡིད་གཟབ་བྱས་ཏེ་ལས་འཛོལ་སྣ་ཚོགས་ཐོན་རྒྱུར་ནན་འགོག་བྱེད་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社