ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་17ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་ཉིད་གནས་སའི་གྲོང་ཨུད་གཞུང་དོན་ཁང་གི་ཏང་ཀྲི་པུའུ་དང་པོའི་གཙོ་དོན་སློབ་གསོའི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་ཏེ་ཀྲི་པུའུ་ཡི་ཏང་ཡོན་དང་མཉམ་དུ་སློབ་སྦྱོང་དང་། གྲོས་བསྡུར། སྙིང་གཏམ་སྤེལ་རེས་བཅས་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཙོ་དོན་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་པོའི་ཙུའུ་ཀྲང་ཁྲེན་ཧྥན་ཡན་དང་དེ་བཞིན་གྲོང་ཨུད་གཞུང་དོན་ཁང་ཏང་སྤྱི་ཁྱབ་ཀྲི་པུའུ་དང་། གྲོང་ཨུད་གཙོ་དོན་སློབ་གསོ་གཞུང་དོན་ཁང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ཏང་ཀྲི་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་ཀྲི་པུའུ་ཡིས་གཙོ་དོན་སློབ་གསོ་སྤེལ་ཚུལ་དང་ལོ་སྟོད་ཀྱི་རྩ་འཛུགས་འཚོ་བའི་ཚོགས་འདུའི་ཐོག་བཤེར་འདོན་བྱས་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་བརྡ་ཁྱབ་བཏང་བར་མ་ཟད། ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཞིབ་བསྡུར་སྐྱོན་བཤེར་ཡང་བྱས་པ་དང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རེ་རེ་བཞིན་གཏམ་བཤད་བྱས་ཏེ། གཟབ་ནན་ཏན་ཏིག་གིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ། ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་བློ་མཐུན་ཕུར་བུ་ཚེ་རིང་གིས་ཀྲི་པུའུ་རྩ་འཛུགས་འཚོ་བའི་ཚོགས་འདུར་དཔྱད་བརྗོད་གནང་བ་རེད།
གཏམ་བཤད་ནན་ཏན་ངང་གསན་རྗེས་ཁྲེན་ཧྥན་ཡན་གྱིས་གསུངས་དོན། ད་ཐེངས་ཀྲི་པུའི་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་དེ་ཛ་དྲག་པ་དང་ཕན་འབྲས་ཐོན་པ་དང་། ཚང་མས་རང་སྐྱོན་རང་བརྗོད་བྱས་ནས་སྐྱོན་འདོན་ཕོད་པ། གནད་དོན་ལ་ཐད་ཀར་ལྟ་བ། ཕན་ཚུན་སྐྱོན་བརྗོད་དང་ལྷག་བསམ་རྣམ་དག་དང་གནད་ལ་འཁེལ་བ་བཅས་བྱས་པས་གདོང་པ་དམར་པོར་གྱུར་བ་དང་། རྔུལ་ཆུ་ཐོན་པ། སྐྱོན་སེལ་དག་བཅོས་བཅས་ཀྱི་དམིགས་ཡུལ་གྲུབ་ནས་གྲུབ་འབྲས་ལེགས་པོ་ཡོད་ཅེས་དང་། རྗེས་མར་ལས་གནས་ཀྱི་ཁྱད་ཆོས་ལ་སྔར་བས་དམིགས་ཏེ་ལྷག་བསམ་ལ་སྣང་ཆེན་དང་། སློབ་སྦྱོང་ལ་སྣང་ཆེན། འགན་འཁྲིར་སྣང་ཆེན་བཅས་བྱས་ནས་གཙོ་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་དོན་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞབས་ཞུ་གསུམ་གྱི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཤའོ་ཡིའུ་ཚའེ་ཡིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་གཏམ་བཤད་གནང་བ་དང་། ཁོང་གིས་མཛུབ་སྟོན་གནང་དོན། རང་རེའི་ཏང་གིས་ཀྲི་པུའུ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་ལོ་རྒྱུས་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས་ཏང་ཀྲི་པུའུ་ནི་ཏང་གི་ལས་དོན་ཧྲིལ་པོ་དང་འཐབ་ནུས་ཀྱི་རྨང་གཞི་ཡིན་པས། གྲོང་ཨུད་གཞུང་དོན་ཁང་ཏང་ཀྲི་པུའུ་དང་པོས་ཆབ་སྲིད་ལས་ཁུངས་ཀྱི་ངོ་བོར་དམིགས་ནས་གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། ཞབས་ཞུ་གསུམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དམག་འཐབ་ཀྱི་མཁར་རྫོང་སྟོབས་ལྡན་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུའི་འགན་ལེན་བྱེད་དགོས།
ཁ་ཕྱོགས་ཡང་དག་འཛིན་དགོས་པ། ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་རང་གནས་ཀྱི་རྩ་བར་བརྩི་བ་དང་། ཏང་གི་དར་ཆ་དེ་དར་ཆ་དང་། ཏང་གི་ཁ་ཕྱོགས་དེ་ཁ་ཕྱོགས། ཏང་གི་འདོད་བློ་དེ་འདོད་བློ་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་གཏན་འཁེལ་གཉིས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས་པ་དང་། ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་རང་འཁྲིའི་ལས་ཀ་ལེགས་པོ་བསྒྲུབས་པའི་ཐོག་ནས་མཚོན་པར་བྱས་ཏེ་སྤུས་ཚད་ལྡན་པ་དང་། གྲུབ་འབྲས་ཐོན་པ། བཀྲག་མདངས་འཚེར་བ་བཅས་བྱེད་པ། རྩ་འཛུགས་བློ་བདེ་བ་དང་མང་ཚོགས་འདོད་བློ་ཁེངས་པའི་བྱས་རྗེས་འཇོག་ཐུབ་པར་བྱེད་དགོས། ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ཏང་གི་སྒྲིག་ཁྲིམས་དང་།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社