ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚེས་17ཉིན་གྱི་ཕྱི་དྲོར།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ནས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་གཟིགས་པ་དང་འབྲེལ་ཚང་མ་དང་བཞུགས་མོལ་སྤེལ་རེས་གནང་བ་རེད།ཁོང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་མཛུབ་སྟོན་བླང་བྱ་ལག་བསྟར་བྱས་ཏེ་རང་འགུལ་ངང་བྱས་རྗེས་འཇོག་ཕོད་པ་དང་ཁྲིམས་ལྟར་རང་འགན་གཙང་སྒྲུབ་ཀྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཁྲིམས་འཛུགས་ལྟ་སྐུལ་འཐུས་མི་ཡག་པོ་བྱེད་པ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་མང་ཚོགས་ཀྱིས་ཁྲིམས་སྐྱོང་ཐད་བཏོན་པའི་བླང་བྱ་གསར་པ་དང་རེ་བ་གསར་པར་ལན་ཧུར་ཐག་རྒྱག་པ་བཅས་བྱས་ཏེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲའོ་ཧུའེ་ཉན་དང་ཀྲང་ཁྲུན་དབྱང་མཉམ་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ཕུང་གིས་ལས་དོན་སྙན་ཞུ་གནང་བ་རེད།
ཤའོ་ཡིའུ་ཚའེ་སྔ་རྗེས་སུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་འཕེལ་རྒྱས་ལོ་རྒྱུས་ཀྱི་འགྲེམས་ཁང་དང་།སྔོན་རྩིས་དྲ་སྦྲེལ་ལྟ་ཞིབ་ཚད་ལེན་ལྟེ་གནས།ལས་བཟོའི་འཚོ་བའི་ཁུལ།ལས་བཟོའི་ཟ་ཁང་བཅས་སུ་ཕེབས་ཏེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社