ཟླ་1ཚེས་18ཉིན། གནའ་གྲོང་ལྷ་སར་ད་ལོའི་གངས་ཆེན་པོ་ཐེངས་དང་པོ་དེ་བབས་ཤིང་། གྲོང་ཁྱེར་གྱི་ས་ཕྱོགས་གང་སར་གོས་དཀར་བཀླུབས་པ་ལྟར་སྐྱ་ཐིང་ངེར་གྱུར་ནས་སྤྲོ་སྣང་དང་ཉམས་དགའ་བའི་རྣམ་པ་ཞིག་མངོན་ཡོད། གྲོང་མི་དང་ཡུལ་སྐོར་བས་གངས་རྩེད་རྩེ་བ་དང་མིག་གི་ལོངས་སྤྱོད་བྱས་པ་བརྒྱུད་དགུན་དུས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས་ཡོད། པར་འདི་ནི་གངས་ཀྱིས་བཀླུབས་པའི་རྫོང་རྒྱབ་ཀླུ་ཁང་གི་རྣམ་པ་ཡིན་པ། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)