དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གཞི་ཁྱོན་ལྡན་པའི་དབུལ་པོར་བསྐྱར་ལོག་མི་ཡོང་བའི་མཚམས་ཐིག་སྲུང་ཆེད།སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་དབུལ་པོར་བསྐྱར་ལོག་མི་ཡོང་བ་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་དང་།གྲོང་གསེབ་དར་རྒྱས་ཀྱི་འབྲེལ་མཐུད་སྐུལ་འདེད་ལས་དོན་ལ་མཐོང་ཆེན་བྱས་ནས།ད་ཡོད་ཀྱི་ཐོན་ལས་ལེགས་ཆ་དང་རང་བྱུང་ཁོར་ཡུག་ཆ་རྐྱེན་འོག་ཡུལ་བབ་དང་བསྟུན་ནས་དབུལ་པོར་བསྐྱར་ལོག་མི་ཡོང་བའི་སྔོན་འགོག་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱ་ཐབས་སྤྱད་དེ་འབབ་འཕར་ཐབས་ལམ་ལེགས་སུ་གཏོང་བ་དང་།ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ།མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ།མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་པ་དང་།རྒྱལ་ཡོངས་ཀྱི་དབུལ་པོར་བསྐྱར་ལོག་མི་ཡོང་བའི་སྔོན་འགོག་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཆ་འཕྲིན་མ་ལག་ལ་བརྟེན་པ་དང་། གྲངས་གཞི་དང་ཟུང་འབྲེལ་བྱེད་པའི་བྱ་སྟབས་སྤྱད་དེ་དུད་ཚང་གི་མི་འབོར་དབྱེ་འབྱེད་དང་།ཡོང་འབབ་རོགས་སྐྱོར།ཉེན་ཁ་སེལ་རྒྱུ་སོགས་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་ཡི་ཡོད་པས།སྟོད་ལུང་བདེ་ཆེན་ཆུས་ལྟ་ཞིབ་ཚད་ལེན་དུད་ཚང་གི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་ཉེན་ཁ་རིམ་བཞིན་བསལ་ནས་མང་ཚོགས་ཀྱི་དབུལ་པོར་བསྐྱར་ལོག་བྱེད་པའི་ལམ་བུ་བཀག་པ་དང་མང་ཚོཊ་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་ཕྱིན་ཡོད།
གྲངས་གཞི་དང་སློབ་སྦྱོང་ཟུང་འབྲེལ་བྱས་ནས་མངོན་གསལ་དོད་པོས་སློབ་གསོ་གསོ་སྦྱོང་དང་དཔུང་ཁག་ལ་དམ་འཛིན་བྱས་པ།
གྲོང་གསེབ་དར་རྒྱས་གཏོང་བའི་ལས་བྱེད་པའི་རྒྱལ་ཡོངས་ཀྱི་དབུལ་པོར་བསྐྱར་ལོག་མི་ཡོང་བའི་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཆ་འཕྲིན་མ་ལག་འབྲེལ་མཐུད་བྱེད་པའི་བཀོལ་སྤྱོད་ཆུ་ཚད་མཐོ་རུ་གཏོང་ཆེད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་རྒྱུན་གཏན་གྱི་མཛུབ་ཁྲིད་དང་ཆེད་དོན་གསོ་སྦྱོང་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་གྲོང་གསེབ་དར་རྒྱས་གཏོང་བའི་ལས་སྒོའི་འཇོན་ཐང་ཆེ་རུ་བཏང་བ་དང་།ཆུ་ཚོད་24རིང་གི་ཆ་འཕྲིན་མ་ལག་ཞབས་ཞུའི་ཐད་འབྲེལ་ཁ་པར་བཙུགས་ནས།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社