ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་གི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་སྤྱོད་མཁན་མི་ཁྲི་347.16ཟིན་ནས་ལྗོངས་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་95ལ་ཁྱབ་ཡོད་པ་རེད། དེའི་ནང་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་བཅོལ་གཱ་སྤྱོད་མཁན་མི་གྲངས་ཁྲི་73.75ཟིན་ཡོད་པ་རེད།
རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གཞུང་དོན་ཁང་གི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཏིང་ཅིང་པུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་རང་ལྗོངས་ཀྱི་རྒན་གསོ་དང་། ལས་རྨས། ལས་ཤོར་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་ཐེངས་ཁྲི་338.1ཟིན་ནས་ལྗོངས་ཡོངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ་96ཡན་རྒྱུན་འཁྱོངས་ཐུབ་ཡོད། ལས་རྣམ་གསར་པའི་ལས་ཞུགས་མི་སྣ་འགན་བཅོལ་ནང་ཞུགས་ཁྱོན་སྔར་བས་ཆེ་རུ་བཏང་ནས་མྱུར་སྐྱེལ་བ་4000ལྷག་ཙམ་ལས་རྨས་འགན་བཅོལ་ནང་ཞུགས་པ་དང་། སྤྱི་ཚོགས་འགན་བཅོལ་ཐོབ་ཐང་གི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བ་དང་། བང་རིམ་མང་བའི་རྒན་གསོའི་འགན་བཅོལ་མ་ལག་བརྟན་པོའི་ངང་སྤེལ་ནས་སྒེར་གྱི་རྒན་གསོའི་དངུལ་གྱི་ཐོ་ཁོངས་བཙུགས་ཟིན་པ་མི་ཁྲི་8.48དང་། གྲོན་དངུལ་སྒོར་ཁྲི་1608.8བསྡུས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སླར་ཡང་སྒོར་15སྤར་བས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社