ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྙེ་མོ་རྫོང་དམངས་སྲིད་ཅུས(དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས)ཀྱིས་རྫོང་དེའི་ཧྥུའུ་ལེན་མུ་འབྲེལ་སྒོ་རྩིས་ཚོང་ཁང་དང་མཉམ་འབྲེལ་ཐོག་དབང་པོ་སྐྱོན་ཅན་ལ་བརྩེ་སེམས་ལྷད་མེད་བཅངས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་མངོན་པར་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་གཅེས་སེམས་རོགས་སྐྱོར་བྱེད་སྒོ་སྤེལ་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ཧྥུའུ་ལེན་མུ་འབྲེལ་སྒོ་རྩིས་ཚོང་ཁང་གིས་སྙེ་མོ་རྫོང་གི་ཁེར་སྡོད་རྒན་རྒོན་11དང་དབང་པོ་སྐྱོན་ཅན་16ལ་འཚམས་འདྲིའི་དངུལ་སྒོར་ཁྲི་8ལྷག་ཙམ་སྤྲད་པ་དང་འབྲེལ་ཁོང་ཚོར་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་ནས་མི་ཧྲེང་རྒན་རྒོན་དང་དཀའ་ངལ་ཡོད་པའི་མང་ཚོགས་ཚོར་དུས་ཆེན་གྱི་རྣམ་པ་ཟབ་མོ་དང་དེ་བཞིན་སྤྱི་ཚོགས་ཀྱི་ཐུགས་ཁུར་ཟབ་མོ་ཚོར་ཐུབ་པར་བྱས་ཡོད། ཕྱིས་འབྱུང་སྙེ་མོ་རྫོང་དམངས་སྲིད་ཅུས(དབང་སྐྱོན་ལྷན་ཚོགས)ཀྱིས་སྤྱི་ཕན་དགེ་སྒྲུབ་ལས་སྒོར་དམིགས་ཏེ།སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་རྩ་འཛུགས་དང་མི་སྣ་དེ་བས་མང་བར་མཐུན་སྦྱོར་དང་ཁྲིད་སྟོན་ཧུར་ཐག་བྱས་ནས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མུ་མཐུད་ལེགས་སུ་གཏོང་རྒྱུ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་སྣང་དང་།བདེ་སྣང་།སྐྱིད་སྣང་བཅས་གོང་མཐོར་གཏོང་རྒྱུ་ཡིན་པ་རེད།
སྙེ་མོ་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་བུ་ཆུང་གིས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སེམས་ཁེ་ལས་ཀྱི་རོགས་སྐྱོར་ཆུད་ཟོས་སུ་མི་གཏོང་བར་དྲིན་ཚོར་གྱི་བསམ་པ་དང་། སྙིང་སྟོབས་ཆེར་སྐྱེད། འཚོ་བ་ཧུར་ཐག་སྐྱེལ་བ་བཅས་བྱ་རྒྱུའི་རེ་བ་ཡོད། དུས་མཚུངས་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣ་དང་ཁེ་ལས་ཀྱིས་ལག་གདང་སྦྲེལ་ནས་དགེ་བའི་ལས་མང་ཙམ་སྒྲུབ་པ་དང་འོས་འགན་གྱི་བྱ་སྤྱོད་མང་ཙམ་སྤེལ་ཏེ།དགེ་སྒྲུབ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ནས་དུས་རབས་གསར་པའི་སྙེ་མོ་གསར་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社