ཟླ་1ཚེས་4ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོཊ་བྱས་པར་གཞིཊ་ན། དགུན་ཁའི་གུང་གསེང་ནི་སྒྲིག་གཞིས་གཅིག་སྡུད་ཞག་སྡོད་སྒྱུ་རྩལ་གྱི་ཡིག་རྒྱུཊ་གསོ་སྦྱོང་བྱེད་པའི་དུས་ཚོད་ཅིག་རེད། ཉེ་ཆར་སློབ་གསོ་པུས་2024ལོའི་དགུན་ཁའི་གུང་གསེང་རིང་སློབ་ཕྱིའི་གསོ་སྦྱོང་ལ་བཅོས་སྐྱོང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ནས་ས་གནས་ཁག་གིས་གཙོ་གནད་ཐོག་སྒྲིག་གཞིས་གཅིག་སྡུད་ཞག་སྡོད་གསོ་སྦྱོང་བྱས་ཚུལ་ལ་དོ་ཁུར་བྱས་ནས་སྒྲིག་གཞིའི་མེ་ཟོན་དང་། བདེ་སྲུང་། གནས་ཡུལ། ཆ་རྐྱེན་བཀོད་སྒྲིག་སོཊ་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་ཁོངས་གཏོཊ་ཁུལ་གྱི་སློབ་མ་གསོ་སྦྱོང་ནང་ཞུཊ་པའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ནས་གསོ་སྦྱོང་གི་བདེ་འཇཊ་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།