(པར་ངོས་དང་པོར་མཐུད)རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ལི་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལམ་ངོས་ལས་གྲྭའི་ལམ་ཐིག་གཙོ་བོར་རྡོ་ཧྲུག་བཏིང་རྒྱུ་དང་། ཨར་འདམ་སྲ་བརྟན་དུ་གཏོང་རྒྱུ་ཚང་མ་ལེགས་གྲུབ་ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་189བཏང་ཡོད་ཅེས་བཤད།
ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་བསྐྲུན་རྗེས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་བགྲོད་ལམ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ས་ཁོངས་ཀྱི་གཞུང་ལམ་དྲ་བའི་གྲུབ་ཆ་ལེགས་སུ་གཏོང་བ། བོད་ཀྱི་གཞུང་ལམ་སྐྱེལ་འདྲེན་ནུས་པ་དང་བདེ་འཇགས་རང་བཞིན་ཆེ་རུ་ནུས་ལྡན་གཏོང་བ་བཅས་བྱས་ཏེ།ལྟེ་བའི་གྲོང་ཁྱེར་ལ་བརྟེན་ནས་གྲོང་རྡལ་འཕེལ་རྒྱས་གཏོང་བའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社