(པར་ངོས་གཉིས་པར་མཐུད)ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་ནས་ཁེ་ལས་ཀྱི་བདེ་འཇགས་མི་སེམས་ལ་འཇགས་པ་དང་།ཁེ་ལས་ལ་བཅར་འདྲི་བྱས་ནས་སྙིང་གཏམ་ཉན་ཏེ་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རིམ་རྩིས་བྱས་ན་མང་ཚོགས་ལ་ལས་ཞུགས་ལས་གནས་22ཐག་གཅོད་བྱས་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱས་པ་སོགས་བྱ་བ་བཟང་པོ་3བསྒྲུབས་ཡོད་པ་རེད།
བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་ལས་མི་བསྟན་འཛིན་ནོར་བུས་ན་ནིང་སློབ་གྲྭ་ཐོན་རྗེས་ཀུང་སི་འདིར་ལས་ཀར་ཞུགས་པ་ཡིན།ཁྱིམ་དང་ཐག་ཉེ་སར་ལས་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་།ལས་ཀ་བྱེད་རིང་རྩལ་ནུས་ཧ་ཅང་མང་པོ་ཤེས་བྱུང་།ད་ཆ་ང་ཏང་ཡོན་མིན་ཡང་ཀུང་སིའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་ངས་ཏང་རྩ་འཛུགས་ཕྱོགས་སུ་ཧུར་ཐག་བསྐྱོད་རྒྱུ་ཡིན་ཞེས་བཤད།
བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཟུང་དུ་འབྲེལ་བའི་ལས་ཀའི་འདུ་ཤེས་ལག་བསྟར་བྱས་ནས་ཁེ་ལས་འཕེལ་རྒྱས་ཀྱི་ཕྱོགས་ཁག་གི་མ་དངུལ་སྤྱི་འདོམས་ཤུགས་ཆེན་བྱས་ཏེ་གྲོང་གསེབ་དར་རྒྱས་དང་།སྤྱི་ཚོགས་ཀྱི་སྤྱི་ཕན།སློབ་གསོའི་བྱ་གཞག་བཅས་ལ་རོགས་རམ་བྱས་ནས་ཏང་སྲོལ་བཟང་པོ་སྐྱེད་སྲིང་དང་ཁེ་ལས་ཀྱི་ལས་རིགས་སྤྱོད་ཚུལ་ལ་ཁྲིད་སྟོན་བྱས་ཡོད།ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་བ་སྟེ།5100ཡི་སློབ་གསོ་འཕེལ་རྒྱས་ཀྱི་ཆེད་དོན་ཐེབས་རྩ་བཙུགས་ནས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་300ལྷག་ཙམ་བཏང་ནས་འདམ་གཞུང་རྫོང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་རྫོང་དེའི་བུ་བཅོལ་ཁང་དུ་སྤང་བཏིངས་བ་དང་སློབ་གྲྭར་སློབ་ཁང་བསྐྲུན་ཡོད།
གཙོ་དོན་སློབ་གསོ་སྤེལ་བ་ནས་བཟུང་ཀུང་སིས་འདམ་གཞུང་རྫོང་སློབ་འབྲིང་གི་རྒྱང་འགྲིབ་སློབ་མ་300ལྷག་ཙམ་ལ་རིན་མེད་མིག་ཤེལ་སྤྲད་པར་མ་ཟད།འཚོ་བའི་ཐད་དཀའ་ངལ་ཡོད་པའི་སློབ་མ་7སྒྲིག་འཛུགས་བྱས་ནས་ཧྲང་ཧའེ་དང་ཧང་ཀྲོའུ་རུ་མེས་རྒྱལ་གྱི་འཕེལ་རྒྱས་མྱོང་རོལ་དང་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ཉམས་ལེན་བྱེད་པའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ་ནས་ཁེ་ལས་ཀྱི་འགན་འཁྲི་གང་ལེགས་མངོན་པར་བྱས་ཡོད།ཕྱིས་འབྱུང་ཀུང་སིས་རོགས་སྐྱོར་དང་འཚམས་འདྲིའི་བྱེད་སྒོ་སྣ་ཚོགས་མུ་མཐུད་སྤེལ་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་ལྕོགས་ཀྲུའུ་ཅེ་ཡིས་བཤད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社