分享按钮

(པར་ངོས་དང་པོར་མཐུད)རྒན་གསོ།སྨན་བཅོས་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་རྒྱུན་ཆད་མེད་པར་དམངས་འཚོའི་དཀའ་གནད་སེལ་བ་དང་།མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་ནས་གཏིང་ཟབ་ལ་དྲོ་སྐྱིད་ལྡན་པའི་དམངས་འཚོའི་ལན་ཞིག་བརྒྱབ་པ་རེད།

ཞི་ཅིན་ཕིང་གིས་ལས་ཞུགས་ནི་དམངས་འཚོའི་འདུ་འགོད་དང་།དམངས་སེམས་ཀྱི་འདུ་འགོད།རྨང་གཞིའི་འདུ་འགོད་བཅས་ཆེ་ཤོས་ཤིག་དང་སྤྱི་ཚོགས་བརྟན་ལྷིང་གི་འགན་ལེན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་དམ་འཛིན་ཡག་པོ་དང་ཏན་ཏིག་ངང་དམ་འཛིན་བྱེད་དགོས་ཞེས་གསུངས་ཡོད།འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གོ་སྐབས་སུ་བྱས་ནས་སྤུས་ལེགས་དང་།གནད་འཁེལ།དངོས་གཉེར་གསུམ་ལ་དམིགས་པ་དང་།ལས་ཞུགས་ཞབས་ཞུའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་པ།ཁྱིམ་བདག་རྣམ་པའི་ལས་ཞུགས་ཞབས་ཞུ་ཁྱབ་གདལ་ཤུགས་ཆེན་བཏང་བ།སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཞབས་ཞུའི་ཁྱབ་ཁོངས་སུ་མང་ཤོས་དང་།ལེགས་ཤོས།སྔ་ཤོས་བཅས་མང་པོ་ཞིག་མངོན་འགྱུར་བྱུང་བ།ལྗོངས་ཡོངས་སུ་སྔོན་ལ་ལས་ཞུགས་ཐུབ་ཚད་བརྒྱ་ཆ་95ཡི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་པ།ལྗོངས་ཕྱིར་མི་1270ལས་ཞུགས་ཐུབ་པ།ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་བརྒྱ་ཆ་14.7ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་མཐོ་སློབ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཚེ་གཡང་གིས་སླད་ཕྱིན་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་བླ་ན་མེད་པའི་འདུ་ཤེས་བརྟན་སྲུང་དང་། མང་ཚོགས་བློ་མགུ་པོ་ཡོང་བར་བྱ་རྒྱུ་དེ་འཛད་མཐའ་མེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་སུ་བྱེད་པ།ལས་ཞུགས་ཞབས་ཞུའི་ཁྱབ་ཁོངས་སུ་མུ་མཐུད་ལྗོངས་ཡོངས་ལ་མིག་དཔེ་སྟོན་པ་དང་རུ་སྣེ་ཁྲིད་མཁན་ཡག་པོ་བྱེད་པ་བཅས་བྱས་ནས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

ཁྲེང་ཀོན་ཆུས་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་སྐྱོད་སྐབས་སོས་དལ་བག་ཕེབས་ཀྱི་རྒན་རྒོན་ཁ་ཤས་སྒྲོག་ཙེར་བསྐོར་ནས་བསྡད་ཡོད་པ་དང་།ལས་དོན་མི་སྣས་དུས་ངེས་མེད་དུ་ཁོང་ཚོར་ཇ་བསྲུབས་མ་བླུགས་ཀྱི་ཡོད་ཅིང་།བགྲེས་སོང་ཚོས་ཇ་འཐུང་གིན་དུ་ཅི་འཕྲོལ་མོལ་འཕྲོལ་ཤོད་བཞིན་དགའ་སྤྲོའི་རྣམ་པ་ཞིག་ངང་གིས་མངོན།ཉིན་མོའི་ལྟ་རྟོག་ལྟེ་གནས་དེས་དོན་དངོས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་གནས་སྡོད་བྱས་པའི་ལོ་60ཡན་གྱི་རྒན་རྒོན་ལ་རིན་ཡོད་དང་།རིན་པ་དམའ་བ།རིན་མེད་བཅས་ཟུང་དུ་འབྲེལ་བའི་འཚོ་བའི་བདག་སྐྱོང་དང་།བདེ་ཐང་བཟའ་བཏུང་།རོལ་རྩེད་བྱེད་སྒོ།སེམས་ཁམས་ཁྲིད་སྟོན་སོགས་ཀྱི་ཞབས་ཞུ་ཁག་བསྒྲུབས་ཏེ་རྒན་གསོའི་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་ཀྱི་ཡོད།ཁྲེང་ཀོན་ཆུས་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱི་དང་བླངས་པ་སྐལ་བཟང་ལྷ་མོས་རྒན་རྒོན་ཚོས་རང་ཉིད་རྒས་ཀྱང་ཞབས་ཞུ་དེ་རིགས་ལོངས་སྤྱོད་ཐུབ་པ་དེ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།ང་དང་བླངས་པ་ཞིག་ཡིན་པའི་ངོས་ནས་རྒན་རྒོན་གྲོགས་པོ་རྣམས་ལ་ཞབས་འདེགས་ཞུ་རྒྱུར་ཧ་ཅང་དགའ་པོ་ཡོད།ཁོང་ཚོར་མུ་མཐུད་ཞབས་ཞུ་ཡག་པོ་ཞུ་ཐུབ་རྒྱུའི་ཡིད་ཆེས་ང་ལ་ཡོད་ཅེས་བཤད།

འདི་ལོ་ནས་བཟུང་།གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་སྐོར་སྐྱོད་སྨན་བཅོས་ཐེངས་299བྱས་པར་ཕན་པ་ཐོབ་པའི་མི་གྲངས་ཁྲི་11ལྷག་ཙམ་ཟིན་པ་དང་།རིམ་རྩིས་བྱས་ན་དམངས་ཡོངས་ཀྱི་བདེ་ཐང་བརྟག་དཔྱད་བྱེད་ཚད་མི་ཁྲི་28ཙམ་ཟིན་པ།བདེ་ཐང་དབུལ་སྐྱོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་ལེགས་སུ་བཏང་བ།གཙོ་གནད་ལྟ་ཞིབ་ཚད་ལེན་བྱ་ཡུལ་རིགས་གསུམ་པའི་དུད་ཚང་དུ་བསྐྱོད་ནས་ཞིབ་བསྡུར་བྱེད་ཚད་དང་། རིགས་དབྱེ་སྐྱོབ་བཅོས།ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་ཚད་བཅས་བརྒྱ་ཆ་100ཟིན་པ།བྱེད་ཐབས་སྣ་མང་མཉམ་སྤྱོད་དང་དོན་དངོས་ལ་དམིགས་ནས་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་རང་གྲོང་གི་གཞི་རིམ་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

སྲིད་དོན་སྐྱོང་བའི་ཐབས་ལམ་ནི་དམངས་ཀྱི་བློ་ལ་ཕྱོགས་རྒྱུ་རྩ་བར་འཛིན་པ་དང་།དམངས་ཀྱི་འཚོ་བ་སྐྱིད་པོ་ཡོང་རྒྱུ་རྩ་བར་འཛིན་པ།བདེ་འཇགས་ཡོང་རྒྱུ་རྩ་བར་འཛིན་པ་བཅས་བྱེད་དགོས།དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ཚར་དུས་མེད་པར་དེ་བས་འགོ་འཛུགས་ས་གསར་པ་ཟམ་མི་ཆད་པར་འཕྲད་ངེས་ཡིན་པས།དམངས་འཚོའི་མཐུད་རྒྱུག་ཟམ་མི་ཆད་པར་བརྒྱུད་སྤྲོད་བྱེད་པ་དང་།སྙིང་རུས་གཏན་འཁྱོངས་བྱེད་པ།བྱ་བ་དངོས་ཆུང་ངུ་རིམ་གསོག་གིས་དམངས་འཚོ་ཆེན་པོ་ཆགས་པར་བྱེད་པ་བཅས་ཀྱི་ཐོག་ནས་དྲོ་སྐྱིད་དང་བདེ་སྐྱིད་ལྡན་པའི་དམངས་འཚོའི་རྣམ་པ་རེ་རེ་བཞིན་ལྷ་སའི་ས་གཞི་ཆེ་མོའི་ཐོག་དལ་གྱིས་མངོན་བཞིན་ཡོད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-06 6 6 拉萨日报藏文 c173291.html 1 /enpproperty-->