分享按钮

ཝང་ཆང་གིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དོན་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

(པར་ངོས་དང་པོར་མཐུད)ལུས་རྩལ་འགྲན་བསྡུར་ཆེ་གྲས་མང་པོ་གཉེར་བ་དང་ལྗོངས་ཕྱི་ནང་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་ནས།རང་གྲོང་གི་ཡུལ་སྐོར་སྤུས་ཚད་དང་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་ནུས་ལྡན་བཏང་སྟེ་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གཏོད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས་པ་རེད།

ཝང་ཆང་གིས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་མ་ལག་རང་བཞིན་གྱི་འཆར་འགོད་ལྟེ་བར་བྱས་ནས་བཟའ་བཅའ་དང་།སྡོད་གནས།འགྲུལ་བཞུད།ཡུལ་སྐོར།ཉོ་སྒྲུབ།རོལ་རྩེད་སོགས་ཀྱི་གཞི་རྒྱུ་སྤྱི་འདོམས་བསམ་གཞིགས་བྱེད་པ་དང་།ཡུལ་སྐོར་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་དང་རིམ་སྤོར་བྱས་ཏེ་ཐོན་ལས་འབྲེལ་ཐག་དང་རིན་ཐང་འབྲེལ་ཐག་རྒྱུན་ཆད་མེད་པར་རིང་དུ་གཏོང་དགོས་པ་དང་།ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་མཉམ་ལས་བྱས་ནས་ཡུལ་སྐོར་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱས་ནས་ཡུལ་སྐོར་ལས་རིགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ཁོར་ཡུག་བཟང་པོ་གཏོད་དགོས་པ།རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྲོང་ཁྱེར་གྱི་འཆར་འགོད་མགྱོགས་མྱུར་བཟོས་ནས་གྲོང་ཁྱེར་རིམ་པ་དང་ཆུས་དང་རྫོང་རིམ་པ་གཉིས་ཀྱི་འཕེལ་རྒྱས་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཏེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་དུས་མཚུངས་གྲོང་མིའི་སྤྲོ་གསེང་ཁུལ་ཡང་ཞིབ་ཚགས་ངང་བཏོད་ནས་གྲོང་མི་དང་ཡུལ་སྐོར་བས་མཉམ་སྤྱོད་བྱེད་པའི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པ།ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པར་འབྲེལ་ཡོད་གོང་རིམ་སྡེ་ཚན་གྱི་སྲིད་ཇུས་གསེད་བཀྲོལ་དང་ཕྱོགས་བསྡོམས་བྱེད་པ་དང་།རང་གྲོང་གི་དེ་སྔའི་ཉམས་མྱོང་དང་བྱེད་སྟངས་བཟང་པོར་ཕྱོགས་བསྡོམས་དབྱེ་ཞིབ་བྱེད་པ།སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ནུས་ལྡན་དཔྱད་གཞིར་འཛིན་པ་བཅས་བྱས་ནས་རང་གྲོང་གིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྲིད་ཇུས་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་འདོན་དགོས་པ།ཧུར་བརྩོན་ཡར་སྐྱེད་ཀྱིས་འབྲེལ་མཐུད་དང་མཐུན་སྦྱོར་བྱས་ཏེ་འབད་བརྩོན་ཆེན་པོས་གོང་རིམ་སྡེ་ཚན་གྱིས་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་གཏོད་རྒྱུའི་ཐད་རྒྱབ་སྐྱོར་དང་རོགས་རམ་ཐོབ་པར་བྱེད་དགོས་པ།རིག་གནས་དང་།འགྲིམ་འགྲུལ།ལུས་རྩལ་བཅས་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་བཏང་ནས་རིག་གནས་དང་། རིག་དངོས། མངོན་མིན་རིག་གནས་ཤུལ་བཞག་སོགས་ཀྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ནས་ལྷ་སའི་གཏམ་རྒྱུད་ཡག་པོ་ཤོད་དགོས་ཞེས་ནན་གསུངས་གནང་བ་རེད།

ཝང་ཆང་གིས་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་ཡུལ་སྐོར་གྲོང་ཁྱེར་ཞིག་ཡིན་པའི་ལྷ་ས་གྲོང་ཁྱེར་ལ་ཐུན་མོང་མ་ཡིན་པའི་རིག་གནས་དང་རང་བྱུང་མཛེས་ལྗོངས་ཐོན་ཁུངས་ཡོད།རིམ་ཁག་དང་ཚན་ཁག་གིས་རིག་གནས་དང་།ལུས་རྩལ།ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་དང་གྲོང་ཁྱེར་གྱི་སྤུས་རྟགས་གཏོད་པའི་ཐད་རྒྱུན་ཆད་མེད་པར་གཏིང་ཟབ་དང་།ཞིབ་ཕྲ།རྒྱ་སྐྱེད་བཅས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་སྙིང་རུས་གཏན་འཁྱོངས་ཀྱིས་ལྷ་སའི་ཡུལ་སྐོར་གྱི་ལེའུ་གསར་པ་ཞིག་ཐུན་མོང་ཐོག་རྩོམ་དགོས་ཞེས་ནན་གསུངས་གནང་བ་རེད།

ཚོགས་འདུ་མ་འཚོག་གོང་ཝང་ཆང་གིས་རུ་སྣེ་ཁྲིད་ནས་ལྷ་ཀླུ་འདམ་རའི་སྲུང་སྐྱོང་གསར་སྤེལ་གྱི་འབྲེལ་ཡོད་འཆར་འགོད་ཀྱི་ས་ཆ་འདེམས་པ་དང་ཇུས་འགོད་བྱས་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-06 6 6 拉萨日报藏文 c173288.html 1 ཝང་ཆང་གིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དོན་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ། /enpproperty-->