(པར་ངོས་དང་པོར་མཐུད)རིག་གནས་ཀྱི་འབྱུང་ཁམས་སྲུང་སྐྱོང་བྱས་ཐོག་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས་ཞེས་གསུངས་པ་རེད།
ཤའོ་ཡིའུ་ཚའེ་ཡིས་གསང་སྲུང་འཕྱུགས་པ་གཏན་ནས་མེད་པ་དང་གསང་བ་ཕྱིར་གྱར་གཏན་ནས་མེད་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་། གསང་སྲུང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། གསང་སྲུང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གསང་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ལྟེ་བ་གཉིས་དང་། ལས་སྟེགས་གཅིག་དང་རྟེན་གཞི་གཅིག་མགྱོགས་མྱུར་བསྐྲུན་དགོས་པ་དང་། གསང་སྲུང་གཙོ་གནད་ཚན་པས་མི་སྣའི་སྔོན་འགོག་དང་། དངོས་པོའི་སྔོན་འགོག ལག་རྩལ་གྱི་སྔོན་འགོག་བཅས་ཀྱི་ཐོག་ནས་གསང་བ་ཕྱིར་གྱར་བའི་རིགས་ཀྱི་དོན་རྐྱེན་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཉེ་དུས་གནང་བའི་གསུང་བཤད་དང་ཤིས་ཚིག་གི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་མཐོང་རྒྱུ་ཡོད་ལ་གནད་དོན་དང་ཞན་ཆའང་དེ་བས་མཐོང་ཐུབ་པར་བྱེད་དགོས་པ་དང་། དཔའ་ངར་ཆེན་པོས་རྗེས་སྙེག་བྱས་ཏེ་ལས་དོན་ཁག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་སྒྲིག་སྲོལ་ལག་བསྟར་བྱེད་པ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་། སྒྲིག་སྲོལ་ལག་བསྟར་བྱེད་ཤུགས་མི་འདང་བ་ནི་འགན་འཛོལ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ཏང་ནང་གི་ཁྲིམས་སྲོལ་ལག་བསྟར་བྱ་རྒྱུ་དེ་རྒྱུན་ལྡན་དུ་འདྲེས་པར་བྱེད་པ་དང་དུས་རྒྱུན་དུ་དམ་འཛིན་བྱེད་དགོས།
ཕན་འབྲས་འདྲི་རྩད་ལ་རྗེས་སྙེག་ལྟ་སྐུལ་ཐད་དམ་འཛིན་མངོན་གསལ་དོད་པོ་བྱས་ཏེ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་དགེ་མཚན་སྔར་ལས་ལེགས་པའི་སྒོ་ནས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་ཕྱོད་དུ་བསྒྱུར་དགོས་པའི་ནན་གསུངས་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་ཞིང་གསུམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་དང་ཟུང་འབྲེལ་བྱེད་པ། མི་ཕྱུགས་ལོགས་སུ་དབྱེ་བ་དང་། ཉེན་ཡོད་ཁང་པ་སྒྱུར་བཀོད། ཨར་འདམ་གཞུང་ལམ་བཟོ་བ། བཅོས་སྒྲིག་ལྔ་དང་ཟང་ཟིང་དགུ་ཡི་བཅོས་སྒྲིག་ཤུགས་ཆེན་བཅས་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་དགོས། ཁོར་ཡུག་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་ཐོན་པའི་མཛེས་པའི་གྲོང་གསེབ་ཁག་གཅིག་དཔྱད་འདེམས་དང་གཟེངས་བསྟོད་བྱེད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社