ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གཙོ་དོན་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཡིས་དགོངས་པར་སློབ་སྦྱོང་དང་།ཏང་གཤིས་ལེགས་སུ་གཏོང་བ།ལག་ལེན་ལ་མཐོང་ཆེན།བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ལག་ལེན་ཟོལ་མེད་བསྟར་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་།འཇོན་ཐང་ཆེ་རུ་གཏོང་བ།སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་བྱེད་པ།འགན་འཁྲི་འཁུར་མཁས་པོ་བྱེད་པ་བཅས་ཀྱི་ཐད་བྱ་ཐབས་ཁ་གསལ་དང་།དོན་འཁྱོལ་ལ་དམ་འཛིན།ཕན་འབྲས་དངོས་གཉེར་བ་བཅས་བྱས་ཏེ་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།
གསར་འགོད་པས་བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཐོན་སྐྱེད་འཁོར་ཁང་དུ་བཟོ་པ་ཚོས་གཅིག་གྱུར་ཐོག་འགོག་སྲུང་གྱོན་ཆས་དང་།ཐེངས་གཅིག་རང་བཞིན་གྱི་ལག་ཤུབས།ལྷམ་ཤུབས།མགོ་ཤུབས་བཅས་གྱོན་ནས་རྡུལ་མེད་འཁོར་ཁང་གི་གཏེར་ཆུ་ཐོན་སྐྱེད་བྱ་ཡུལ་དུ་ཕན་ཚུན་གཞོགས་འདེགས་དང་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད་པ་མཐོང་བྱུང་།བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལ་དམ་པོར་དམིགས་ནས་ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བའི་བྱེད་སྒོ་སྤེལ་ནས་ཏང་ཡོན་དཔེ་སྟོན་ལས་གནས་དང་ཏང་ཡོན་གྱི་འགན་འཁྲིའི་ཁུལ་2བཙུགས་ཏེ་ཏང་ཡོན་སྒྲིག་འཛུགས་བྱས་ནས་རྣམ་གྲངས་ཞིབ་འཇུག་གསར་སྤེལ་དང་།ཐོན་སྐྱེད་འཁོར་ཁང་།བྲིན་ཚོང་གི་འཐབ་ཕྱོགས་དང་པོ་བཅས་སུ་འགན་ལྕི་པོ་ཁུར་དུ་བཅུག་པ་དང་།གདོང་ལེན་པ་དང་གདོང་མཆོང་པ་བྱེད་དུ་བཅུག་ཡོད།ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པའི་ཐབས་ལམ་འཚོལ་ཞིབ་ནུས་ལྡན་བྱས་ནས་ཏང་ཡོན་རྐང་འཛིན་པ་17གྱིས་གཞོན་ནུ་ལས་བཟོ་བ་དགེ་ཕྲུག་དུ་ཁྲིད་རོགས་བྱ་རྒྱུར་གཏན་འཁེལ་བྱས་པ་དང་།རྒྱ་བོད་ལས་བཟོ་བ་14ཡིས་སྐད་གཉིས་སློབ་སྦྱོང་བྱེད་པའི་་རོགས་རེས་ཆ་སྒྲིག་ནས་ལས་གཏོད་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཏང་ཡོན་རྐང་འཛིན་པ་དང་དཔེ་བཟང་བར་སྦྱོང་བརྡར་བྱས་ཡོད།
ཏང་ཡོན་ཞིག་ཡིན་པའི་ངོས་ནས་ངས་ཀུང་སིའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་ཕན་ཚུན་རོགས་རེས་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱས་ཡོད་ཅེས་བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་པུའི་ཅིང་ལི་གཞོན་པ་ཚེ་རིང་དབང་རྒྱལ་གྱིས་བཤད།
གཙོ་དོན་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་ཀུང་སི་དེས་ཚོགས་འདུ་གསུམ་དང་སློབ་ཚན་གཅིག་དང་གཙོ་དོན་ཏང་གི་རྩ་འཛུགས་འཚོ་བར་བརྟེན་ནས་ཏང་ཡོན་ལས་བཟོ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ།ཏང་ཡོན་གྱི་སློབ་སྦྱོང་གི་གདོང་ལེན་ལས་གནས་བྱེད་སྒོ་སྤེལ་ནས་དྲ་ཐོག་དང་དྲ་ཕྱི་ནས་སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་ཁག་10ལྷག་ཙམ་སྤྲད་པ་དང་།མཉམ་སྡེབ་སློབ་སྦྱོང་དང་།དཔེ་ཀློག་བྱེད་སྒོ།ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་པ།གསར་བརྗེའི་གློག་བརྙན་ལྟ་བ་སོགས་ཐེངས་11བྱས་ནས་ཏང་ཡོན་ལ་ཕུགས་ཕན་ལྡན་པའི་སློབ་གསོ་ཐོབ་པ་རེད།དེ་དང་ཆབས་ཅིག་ཏང་ཡོན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་དང་འབྲེལ་གཏུགས་དང་རོགས་སྐྱོར་བྱེད་པ་དང་གྲོང་ཚོར་འབྱོར་ཐོ་འགོད་པ་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社