分享按钮

གྲོང་ཁྱེར་མི་སྤྱི་ཅུས་ཀྱིས།

ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོར་བརྟེན་ནས་གཙོ་དོན་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གཙོ་དོན་སློབ་གསོ་ཁག་གཉིས་པ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད།ཟླ་1ཚེས་3ཉིན།གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཚེ་སྨོན་གླིང་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་སྡེ་ཁུལ་གྱི་ཨ་མ་ལགས་ལ་དྲོ་སྐྱིད་སྦྱིན།མཛེས་སྡུག་ལྡན་པའི་དུས་ཆེན་མཉམ་དུ་རོལ་ཞེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

ཉིན་དེར་གསར་འགོད་པས་བྱེད་སྒོ་སྤེལ་ཡུལ་དུ་དགུན་དུས་ཀྱི་དྲོ་སྐྱིད་ལྡན་པའི་ཉི་འོད་ཚེ་སྨོན་གླིང་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱི་སྒོ་རའི་ནང་འཕྲོས་ཤིང་།གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་དོན་མི་སྣས་ལྟེ་གནས་དེའི་རྒན་རྒོན་30ལ་སྤྱི་ཚོགས་འགན་སྲུང་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དང་འབྲེལ་འབྲེལ་ཡོད་གནད་དོན་ལ་ལན་རྒྱག་བཞིན་ཡོད་པ་མཐོང་བྱུང་།

བྱེད་སྒོ་སྤེལ་རིང་ཏང་ཡོན་ཚོས་ཐུན་མོང་ཐོག་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱི་རྒན་རྒོན་30ལ་ཨ་མ་ལགས་དང་པཱ་ལགས་ཞེས་ངོས་འཛིན་རྩིས་ལེན་བྱས་པ་དང་།གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འགན་འཁུར་བས་རྒན་རྒོན་ཚོར་ཁ་བཏགས་ཕུལ་བ་དང་འབྲེལ་འཚམས་འདྲིའི་དངུལ་ཡང་སྤྲད་པ་རེད།བགྲེས་སོང་འཕྲིན་ལས་ཀྱིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་བློ་མཐུན་ཚོས་ང་ཚོ་འགུལ་སྐྱོད་བྱེད་མི་བདེ་བ་དང་ལོ་ན་ཅུང་མཐོ་བའི་རྒན་རྒོན་ལ་སེམས་ཁུར་དང་ཐུགས་ཁུར་གནང་བར་མ་ཟད།ད་དུང་ང་ཚོར་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་སྟངས་དང་སྤྱི་ཚོགས་འགན་སྲུང་གཱ་བོར་བརླག་ཏུ་སོང་རྗེས་ཇི་ལྟར་བྱེད་དགོས་པའི་ཐད་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

བྱེད་སྒོ་སྤེལ་རིང་།གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ད་དུང་སྐྲ་བཞར་བ་དང་འབྲེལ་བ་བྱས་ཏེ་རྒན་རྒོན་ཚོར་སྐྲ་བཞར་བ་སོགས་ཀྱི་དང་བླངས་ཞབས་ཞུ་བསྒྲུབས་ནས་རྒན་རྒོན་ཚོར་སྤྱི་ཚོགས་ཀྱི་དོ་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱས་པ་རེད།གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་སྤྱི་ཚོགས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་ཅི་མིང་གིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་འོག་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཏང་ཡོན་ལས་བྱེད་པས་རང་མོས་ངང་ཞལ་འདེབས་བརྒྱབ་པ་དང་།ཏང་ཡོན་གྱི་སྡེ་ཁུལ་དུ་འབྱོར་ཐོ་གཉིས་འགོད་པའི་འབྲེལ་ཡོད་ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ།དུས་ཆེན་གོང་རྒན་རྒོན་ལ་འཚམས་འདྲི་བྱེད་པ་དང་།དང་བླངས་ཞབས་ཞུ་བསྒྲུབས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སེམས་རྒན་རྒོན་གྱི་སེམས་ནང་བསྐྱལ་ཡོད་ཅེས་བཤད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-06 གྲོང་ཁྱེར་མི་སྤྱི་ཅུས་ཀྱིས། 6 6 拉萨日报藏文 c173286.html 1 ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོར་བརྟེན་ནས་གཙོ་དོན་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ། /enpproperty-->