分享按钮

ཝང་ཆང་གིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དོན་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

ཁྲེན་ཅིང་ཚོགས་འདུར་ཕེབས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚེས་4ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དོན་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།ཚོགས་འདུའི་ཐོག་ཡུལ་སྐོར་ལས་རིགས་ནི་རང་གྲོང་གི་ཀ་རྟེན་ཐོན་ལས་ཤིག་ཡིན་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྣེ་ཁྲིད་བྱེད་པའི་ཐད་ནུས་པ་གལ་ཆེན་ལྡན་ཡོད།འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་སྐབས་ངེས་པར་དུ་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་གཏོང་བ་དང་རིག་གནས་དང་།ལུས་རྩལ།ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་རིག་གནས་དང་ཡུལ་སྐོར་ཐོན་ལས་རིམ་སྤོར་དང་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་ཚོཊ་འདུར་ཕེབས་པ་རེད།

ཝང་ཆང་གིས་ན་ནིང་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་རིག་གནས་དང་།ལུས་རྩལ།ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-06 ཁྲེན་ཅིང་ཚོགས་འདུར་ཕེབས་པ། 6 6 拉萨日报藏文 c173279.html 1 ཝང་ཆང་གིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དོན་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ། /enpproperty-->