分享按钮

གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་ཆེ)ཚོགས་འདུ་འཚོགས་པ།

ཤའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་4ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱི་དོན་ལས་དོན་ཚོཊ་འདུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་གྱི་ཇ་སྟོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། 2024ལོའི་ལོ་གསར་གྱི་ཤིས་ཚིག་གི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཉེ་དུས་ཀྱི་འབྲེལ་ཡོད་གསུང་བཤད་དང་2024ལོའི་ལོ་གསར་གྱི་ཤིས་ཚིག་གི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། དོན་འཁྱོལ་ཐད་ཞིབ་འཇུག་བྱས་པ། 2023ལོའི་གྲོང་ཁྱེར་ཡོངས་ཀྱི་གསང་སྲུང་ལས་དོན་དང་། ཏང་ནང་གི་ཁྲིམས་སྲོལ་ལག་བསྟར། ཞིང་གསུམ་ལས་དོན་སྤེལ་ཚུལ་བཅས་ཀྱི་སྙན་ཞུ་གསན་པ་དང་ཕྱིས་འབྱུང་གི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་རིམ་ཁག་ཚན་ཁག་དང་ལྷག་པར་དུ་ཕྱི་དོན་ཚན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས《ཀྲུང་གོ་གུང་ཁྲན་ཏང་གིས་ཕྱི་དོན་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྲོལ་ཡིག》ལག་བསྟར་བྱས་ཏེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱི་དོན་ལས་དོན་གྱི་ཁྱོན་ཡོངས་ལ་དེ་བས་རང་འགུལ་ངང་ཞབས་འདེགས་ཧུར་ཐག་ཞུ་དགོས་པ་དང་། རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་ལ་དུས་རབས་གསར་པའི་ལྷ་སའི་གཏམ་རྒྱུད་དེ་བས་ལེགས་པའི་སྒོ་ནས་ཤོད་པ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་ལ་དེ་བས་ལེགས་པའི་སྒོ་ནས་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་གྱི་ཇ་སྟོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་2024ལོའི་ལོ་གསར་གྱི་ཤིས་ཚིག་གིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་འབད་འབུངས་ཡར་བརྩོན་ལ་སྐུལ་འདེད་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་སྔ་ཕྱི་བར་གསུམ་དུ་ལས་ཀའི་སྤྲོ་སེམས་རྒྱུན་འཁྱོངས་བྱས་ཏེ་གྲོང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བདུན་པས་གཏན་འཁེལ་བྱས་པའི་བཀོད་སྒྲིག་ལ་དམིགས་ཏེ་ཇི་མ་ཇི་བཞིན་དོན་འཁྱོལ་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན། དམ་པ་དོན་གཉེར་གྱིས་དོན་འཁྱོལ་ལ་དམ་འཛིན། བྱེད་ཕོད་པ་དང་བྱེད་མཁས་པའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་རྣམ་པ་གསར་པ་གཏོད་པ་དང་འབད་འཐབ་ཀྱི་འགོ་ཡག་པོ་འཛུགས་དགོས་པའི་ནན་གསུངས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་ཀྲུང་ཧྭའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱས་ནས་མི་རིགས་ཀྱི་ལོ་རྒྱུས་རྒྱུན་འཛིན་བྱེད་དགོས་པ་ནི་ང་ཚོའི་རིག་གནས་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་ཡིན། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། གནའ་གྲོང་སྲུང་སྐྱོང་དང་ཟུང་འབྲེལ་བྱེད་པ། ཡུལ་སྐོར་ཐོན་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་རིག་གནས་ཐོན་ལས་དར་རྒྱས་ཕུན་སུམ་ཚོགས་པོ་དང་ཟུང་འབྲེལ་བཅས་བྱས་ཏེ་ལོ་རྒྱུས་ཀྱི་དེ་སྔའི་རྣམ་པ་སོར་འཇོག་དང་།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-06 ཤའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། 6 6 拉萨日报藏文 c173280.html 1 གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་ཆེ)ཚོགས་འདུ་འཚོགས་པ། /enpproperty-->