分享按钮

ཟླ་6པར་ལྷ་གཞིས་མྱུར་བགྲོད་གཞུང་ལམ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གསར་འགོད་པས་2024ལོའི་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། G421གཡག་རྔ་དང་ཡེ་ཁྲེང་གི་མྱུར་བགྲོད་གཞུང་ལམ་ལྷ་ས་ནས་གཞིས་རྩེའི་གནམ་ཐང་བར་གྱི་གསར་སྐྲུན་ལས་གྲྭ་ལྷ་གཞིས་མྱུར་བགྲོད་གཞུང་ལམ་འདི་ལོའི་ཟླ་6པར་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།

ལྷ་གཞིས་མྱུར་བགྲོད་གཞུང་ལམ་ནི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་ནང་ནེ་པ་ལ་སོགས་མཐའ་འཁོར་རྒྱལ་ཁབ་ལ་ཕྱོགས་པའི་འགྲིམ་འགྲུལ་གྱི་འབྲེལ་ཐག་ཅིག་དང་བོད་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་གཞུང་ལམ་འགྲིམ་འགྲུལ་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་རེད། ལམ་ཐིག་དེ་ཡར་ཀླུང་གཙང་པོའི་གྲོག་རོང་ཁུལ་དུ་གནས་ཤིང་།ལམ་རྒྱུད་གཡང་གཟར་གྲོག་རོང་དང་ས་གཤིས་རྙོག་འཛིང་ཆེ་བས་ཆར་དུས་སུ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་རང་བྱུང་གནོད་འཚེ་ཐོན་སླ་པོ་ཡོད། ལས་གྲྭ་དེར་ས་བབ་མཐོ་བ་དང་། ལག་རྩལ་གྱི་དཀའ་གནད་ཆེ་བ། ས་གཤིས་ཀྱི་གནོད་འཚེ་ཐོན་ཚད་མཐོ་བ། ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་མཐོ་བ། འཛུགས་སྐྲུན་གྱི་ཚད་གཞི་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།

ལྷ་གཞིས་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བཀོད་འདོམས་པུའི་སྤྱི་ཁྱབ་ལག་རྩལ་ཆེན་མོ་བ་ལི་ཀྲུང་གིས་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་166.98ཡོད་ཅིང་། ཕྱོགས་གཉིས་ཀར་འཁོར་ལམ་བཞི་ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་ལ་སྤྱི་ལེ་100འཆར་འགོད་བྱས་ཡོད། མིག་སྔར་ཕུག་ལམ་15ཚང་མ་ཤར་གཏོང་ཟིན་པ་དང་ཕུག་ལམ་མཐའ་མ་དེ་2023ལོའི་ཟླ་12ཚེས་5ཉིན་ཤར་གཏོང་ཐུབ་ཡོད་ཅེས་བཤད།

མཇུག་ཏུ་ཤར་གཏོང་ཐུབ་པའི་ཕུག་ལམ་ནི་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ཕུར་པའི་ཕུག་ལམ་ཡིན་པ་དང་།ཕུག་ལམ་དེ་ཤར་གཏོང་ཐུབ་པའི་ཐོག་ནས་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭའི་སྒྲོམ་གཞི་གཙོ་བོའི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་མཚོན་ཡོད། ཕུར་པའི་ཕུག་ལམ་ནི་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ལག་རྩལ་གྱི་དཀའ་གནད་ཅུང་ཆེ་བའི་ལས་གྲྭ་ཞིག་རེད། འཛུགས་སྐྲུན་པ་ཚོས་རི་ཉིལ་ཁུལ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་དཀའ་གནད་བསལ་ནས་འདི་ལོའི་ཟླ་6ཟླ་མཇུག་ཏུ།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-06 6 6 拉萨日报藏文 c173278.html 1 ཟླ་6པར་ལྷ་གཞིས་མྱུར་བགྲོད་གཞུང་ལམ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་ཡིན་པ། /enpproperty-->