分享按钮

རང་གྲོང་གི་2023ལོའི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་དུས་བབ་བརྟན་པོའི་ངང་ལེགས་སུ་ཕྱིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ལྷ་ས་གྲོང་ཁྱེར་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལྷ་ས་གྲོང་ཁྱེར་གྱི་2023ལོའི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། གསར་འགྱུར་མགྲིན་ཚབ་པ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོ་ནེང་ཧྲེང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

ཧོ་ནེང་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་དོན་དེ་འགོ་ཁྲིད་ཨང་དང་པོའི་འདུ་འགོད་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་སྣེ་ཁྲིད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་རིམ་པ་བཞིན་བཙུགས་པ་དང་རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོ་སྐུ་ངོ་མས་བློ་འདྲི་དང་ལྟ་སྐུལ་སྒྲུབ་གཉེར་བྱས་པ་རེད། 2023ལོར་ལྷ་ས་གྲོང་ཁྱེར་གྱིས《གྲོང་ཁྱེར་ཡོངས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས་འགའ་ཞིག》བཟོས་ནས་བཏོན་པ་དང་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ་སོགས་བྱ་དགའ་དང་ཁ་གསབ་སྲིད་ཇུས་ཁག་བདུན་འཐུས་ཚང་དུ་བཏང་བ་དང་། 《ལྷ་ས་གྲོང་ཁྱེར་གྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་ལེན་རྒྱུའི་རེ་ཞུ་དོ་དམ་བྱ་ཐབས》སོགས་ཀྱི་ཡིག་ཆ་པར་འགྲེམས་བྱས་ནས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་སྤྲོད་སྟངས་ཚད་ལྡན་དུ་བཏང་བ་དང་། རིགས་ཁག་གི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གསབ་དངུལ་མི་ཐེངས་ཁྲི་1.4ལ་སྒོར་དུང་ཕྱུར་2.8སྤྲད་པ་རེད། མལ་གྲོ་གུང་དཀར་རྫོང་གིས་12369ཡི་ལས་ཀའི་རྣམ་པ་སྤྱད་དེ་བརྒྱུད་རིམ་ལྡན་པ་དང་སྤྱི་ཡོངས་རང་བཞིན་གྱི་སྒོ་ནས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ། ཁྲེང་ཀོན་ཆུས་ཀྱིས་གནད་སྨིན་རྣམ་པའི་གདན་ཞུའི་འབྲེལ་མཐུད་ཁྱབ་གདལ་བཏང་ནས་གདན་ཞུའི་བྱེད་སྒོ་ཁྲོམ་གཞུང་ཚང་མར་ཁྱབ་པར་བྱས་ཏེ་གདན་ཞུའི་བྱེད་སྒོ་སྤེལ་ཡུལ་དང་སྦྲེལ་མཐུད་ཐུབ་ཚད་བརྒྱ་ཆ་50ཡན་མཐོ་རུ་བཏང་ཡོད་པ་རེད།

2023ལོར་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཕྱིའི་ལས་ཞུགས་མི་འབོར་མང་ཤོས་དང་ལྗོངས་ཕྱིའི་ཚོགས་སྒྲིག་རྣམ་པའི་མདུན་གྲལ་དུ་སླེབས་པའི་ལས་ཞུགས་གཞི་ཁྱོན་མངོན་འགྱུར་བྱས་ཡོད། ན་ནིང་སུའུ་ཀྲོའུ་གྲོང་ཁྱེར་གྱིས་ལྷུན་གྲུབ་རྫོང་ལ་ཁ་ཕྱོགས་ནས་སུའུ་ཀྲོའུ་ཡི་མཐོ་གསར་ཁུལ་དུ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་དང་ཚོགས་སྒྲིག་ཆུང་བའི་རྣམ་པའི་ཐོག་ནས་མི་43སུའུ་ཀྲོའུ་རུ་ལས་ཞུགས་བྱེད་པར་བསྡུ་ལེན་བྱས་པ་དང་། མིག་སྔའི་བར་ལས་གནས་བརྟན་དུ་བཏང་ནས་མི་39ལས་ཞུགས་ཐུབ་པ་དང་ལས་གནས་བརྟན་དུ་གཏོང་ཚད་བརྒྱ་ཆ་90.7ཟིན་ཡོད་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-04 6 6 拉萨日报藏文 c173247.html 1 རང་གྲོང་གི་2023ལོའི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་དུས་བབ་བརྟན་པོའི་ངང་ལེགས་སུ་ཕྱིན་པ། /enpproperty-->