分享按钮

2023ལོའི་ལྷ་སའི་ཡང་རྩེའི་འགྲན་བསྡུར་ཞེས་པའི་སི་ནོ་ཁེ་གྲགས་ཅན་གྱི་འགྲན་སློང་འགྲན་བསྡུར་ནང་ཏིང་ཅུན་ཧུའེ་ཡིས་ཨང་དང་པོ་བླངས་པ།

ཟླ་1ཚེས་1ཉིན་གྱི་དགོང་མོར། ཏིང་ཅུན་ཧུའེ་དང་ལོ་ཉི་ཨའོ་ཧྲ་ལི་ཝུན་གཉིས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་2023ལོའི་ལྷ་སའི་ཡང་རྩེའི་འགྲན་བསྡུར་སི་ནོ་ཁེ་གྲགས་ཅན་གྱི་འགྲན་སློང་འགྲན་བསྡུར་གྱི་མཐའ་བསྡུར་བྱས་པ་རེད།ཏིང་ཅུན་ཧུའེ་ཡིས་གཅིག་བསྡུར་ལྔ་ཡི་བསྡུར་གྲངས་ལྡབ་ཤོར་བའི་གནས་ཚུལ་འོག་རྒྱག་སྐོར་ལྔ་བསྟུད་མར་རྒྱལ་ཁ་བླངས་པས།མཐར་བསྡུར་གྲངས་6བསྡུར་5ཡི་ཐོག་ནས་ལོ་ཉི་ཨའོ་ཧྲ་ལི་ཝུན་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་དང་། ལྟད་མོ་བར་ཁྱད་དུ་འཕགས་པའི་མཐོང་ཚོར་གྱི་སྟོན་མོ་ཞིག་བཤམས་ཡོད།

པར་འདི་ནི་འགྲན་བསྡུར་བྱ་ཡུལ་དུ་ཏིང་ཅུན་ཧུའེ་དང་ལོ་ཉི་ཨའོ་ཧྲ་ལི་ཝུན་གྱིས་ཛ་དྲག་ངང་འགྲན་བསྡུར་བྱེད་བཞིན་པའི་གནས་ཚུལ་ཡིན་པ།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-04 6 6 拉萨日报藏文 c173246.html 1 2023ལོའི་ལྷ་སའི་ཡང་རྩེའི་འགྲན་བསྡུར་ཞེས་པའི་སི་ནོ་ཁེ་གྲགས་ཅན་གྱི་འགྲན་སློང་འགྲན་བསྡུར་ནང་ཏིང་ཅུན་ཧུའེ་ཡིས་ཨང་དང་པོ་བླངས་པ། /enpproperty-->