分享按钮

2023ལོའི་ལྷ་སའི་ཡང་རྩེའི་འགྲན་བསྡུར་ཞེས་པའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོ་མཁས་པའི་རྩེར་སོན་འགྲན་བསྡུར་མཇུག་འགྲིལ་བ།

ཝང་ཆང་དང་། ཝང་ཞའོ་ཅུང་། ཝང་ཏེ་ཅུན། ཁྲེན་ཅིང་། འཇམ་དབྱངས་བློ་གྲོས་བཅས་ཀྱིས་འགྲན་བསྡུར་ལ་གཟིགས་པ་དང་འབྲེལ་བྱ་དགའ་སྤྲད་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་1ཚེས་1ཉིན་གྱི་དགོང་མོ། གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་ཏིང་ཅུན་ཧུའེ་དང་ལོ་ཉི་ཨའོ་ཧྲ་ལི་ཝུན་གྱིས་2023ལོའི་ལྷ་སའི་ཡང་རྩེའི་འགྲན་བསྡུར་ཅེས་པའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོ་མཁས་པའི་རྩེར་སོན་འགྲན་བསྡུར་བྱས་ཡོད་ཅིང་། དང་ཐོག་འགྲན་བསྡུར་བྱེད་སྐབས་ཏིང་ཅུན་ཧུའེ་1:5ཡི་བསྡུར་གྲངས་ཐོག་ནས་ཕམ་གྲབས་བྱས་ཀྱང་མཐར་བསྡུར་གྲངས་6:5ཡི་ཐོག་ནས་ལོ་ཉི་ཨའོ་ཧྲ་ལི་ཝུན་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་ཡོད་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་དང་། ཀྲུང་གོ་སྒྲོམ་སྟེགས་སྤོ་ལོ་མཐུན་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཝང་ཞའོ་ཅུང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཏེ་ཅུན། གྲོང་ཁྱེར་གྱི་འགོ་ཁྲིད་ཁྲེན་ཅིང་དང་། འཇམ་དབྱངས་བློ་གྲོས། ཝང་ཧུའེ་སོགས་ཀྱིས་འགྲན་བསྡུར་ལ་གཟིགས་པ་དང་འབྲེལ་བྱ་དགའ་ཡང་སྤྲད་གནང་བ་རེད།

2023ལོའི་ལྷ་སའི་ཡང་རྩེའི་འགྲན་བསྡུར་ཞེས་པའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོ་མཁས་པའི་རྩེར་སོན་འགྲན་བསྡུར་ཐོག་འགྲན་ཐེངས་11ལས་6ཐོབ་པའི་འགྲན་བསྡུར་གྱི་སྒྲིག་ལམ་ལག་བསྟར་བྱས་ཡོད་ཅིང་། འགྲན་བསྡུར་འགོ་ཚུགས་རྗེས་ཕྱོགས་གཉིས་པོས་ཧ་ཅང་གཟབ་ནན་དང་ཚོད་བགམ་ཡང་ཡང་བྱས་ཏེ་ཕར་ཕྱོགས་ཀྱི་སྐྱོན་ཆ་འཚོལ་ཞིབ་བྱས་པ་དང་། ལོ་ཉི་ཨའོ་ཧྲ་ལི་ཝུན་གྱིས་འགྲན་ཐེངས་དང་པོའི་རྒྱལ་ཁ་བླངས་པ་དང་། དེ་ནས་མུ་མཐུད་འགྲན་ཐེངས་གཉིས་པ་དང་གསུམ་པའི་རྒྱལ་ཁའང་བླངས་ཡོད།འགྲན་ཐེངས་བཞི་པར་ཏིན་ཅུན་ཧའེ་ཡིས་རྒྱལ་ཁ་བླངས་ཡོད།

འགྲན་བསྡུར་རྗེས་མ་འགོ་ཚུགས་སྐབས། ཏིན་ཅུན་ཧུའེ་ཡིས་སྤོ་ལོ་ཡག་པོ་བླུགས་ཐུབ་མོད། འོན་ཀྱང་ལོ་ཉི་ཨའོ་ཧྲ་ལི་ཝུན་གྱིས་དེ་བས་ཡག་པ་བླུགས་ཡོད། འགྲན་ཐེངས་དྲུག་པར་ཨའོ་ཧྲ་ལི་ཝུན་གྱིས་རྒྱག་སྐོར་གཅིག་གི་ཐོག་ནས་སྐར་མ་105ལས་རྒྱལ་བ་རེད། འགྲན་ཐེངས་བདུན་པར་ཏིང་ཅུན་ཧུའེ་ཡིས་སེམས་པ་ལྷོད་ལ་ཕབ་ནས་རྒྱལ་ཁ་བླངས་ཡོད། དེ་རྗེས་ཏིང་ཅུན་ཧུའེ་ཡིས་འགྲན་ཐེངས་གསུམ་གྱི་རྒྱལ་ཁ་བསྟུད་མར་བླངས་པས་བསྡུར་གྲངས་5:5ཟིན་ཡོད། འགྲན་བསྡུར་དེ་རྒྱལ་ཕམ་ཐག་གཅོད་ཀྱི་མཚམས་སུ་སླེབས་པས་ཡུལ་དངོས་ཀྱི་རྣམ་པ་ཛ་དྲག་ཏུ་གྱུར་ཡོད་ཅིང་། ཏིང་ཅུན་ཧུའེ་ལ་འགྲན་བསྡུར་གྱི་སྐར་མ་50སྔོན་ལ་ཐོབ་པ་དང་། ལོ་ཉི་ཨའོ་ཧྲ་ལི་ཝུན་ལ་རྒྱག་ནོར་ཤོར་བ་དང་བསྟུན་ནས་ཏིང་ཅུན་ཧུའེ་ལ་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་ཡོད།

འགྲན་བསྡུར་མཇུག་འགྲིལ་རྗེས།འགྲན་བསྡུར་ནང་ཞུགས་མཁན་འགོ་ཁྲིད་ཀྱིས་ཏིང་ཅུན་ཧུའེ་དང་ལོ་ཉི་ཨོ་ཧྲ་ལི་ཝུན་དང་དེ་བཞིན་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་གྱི་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་ཐོབ་མཁན་བཅས་ལ་བྱ་དགའ་སྤྲད་པ་རེད།

2023ལོའི་ལྷ་སའི་ཡང་རྩེའི་འགྲན་བསྡུར་ཞེས་པའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོ་མཁས་པའི་རྩེར་སོན་འགྲན་བསྡུར་བདེ་བླག་ངང་གཉེར་ཐུབ་པ་དེ་ནི་ལྷ་ས་གྲོང་ཨུད་ཀྱི་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་ལག་ལེན་ནུས་ལྡན་ཞིག་དང་། དམངས་ཡོངས་ཀྱི་ལུས་སྦྱོང་སྐྱོན་བྲལ་དང་ཞི་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་བར་མ་ཟད། ལྷ་སའི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཡང་སྐུལ་འདེད་ནུས་ལྡན་བཏང་སྟེ་རང་གྲོང་གི་ལུས་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རྩ་ཆེའི་ཉམས་མྱོང་བསགས་ནས་ཡིད་ཆེས་ཆེ་རུ་དང་གསོན་ཤུཊ་གསར་པ་བསྣན་ཡོད། དེ་དང་ཆབས་ཅིག་ང་ཚོའི་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ལ་གོ་སྐབས་དང་འགྲན་སློང་གསར་པ་བྱུང་ནས་ལྷ་སའི་རིག་གནས་དང་ལུས་རྩལ་འཕེལ་རྒྱས་ལ་ལེའུ་གསར་པ་ཞིག་བཏོད་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-04 2023ལོའི་ལྷ་སའི་ཡང་རྩེའི་འགྲན་བསྡུར་ཞེས་པའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོ་མཁས་པའི་རྩེར་སོན་འགྲན་བསྡུར་མཇུག་འགྲིལ་བ། 6 6 拉萨日报藏文 c173243.html 1 ཝང་ཆང་དང་། ཝང་ཞའོ་ཅུང་། ཝང་ཏེ་ཅུན། ཁྲེན་ཅིང་། འཇམ་དབྱངས་བློ་གྲོས་བཅས་ཀྱིས་འགྲན་བསྡུར་ལ་གཟིགས་པ་དང་འབྲེལ་བྱ་དགའ་སྤྲད་གནང་བ། /enpproperty-->