ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་1ཚེས་2ཉིན།ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོཊ་འདུ་ཐེངས་བཅུ་དགུ་པ་འཚོཊ་ཤིང་། ཚོཊ་འདུའི་ཐོག་ཀྲུའུ་རེན་ཚོགས་འདུར་ཕེབས་མཁན་མི་9ཡོད་པ་དང་དངོས་སུ་མི་7ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་སྐོར་གྱི་གསལ་བཤད་ཉན་པ་དང་།བློ་མཐུན་ནོར་བུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིར་གསབ་འདེམས་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་འགོར་ཉན་འཇོག་དང་ཞིབ་འཇུག་བྱས་པ།ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པ་སྐོང་ཚོགས་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་ཚོགས་ཡུན་ཉིན་ཕྱེད་ཡིན་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་།ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་དང་།ཀྲེང་ཝུའེ་གོ ཕེང་ཧྥེ་ཡུའེ།ཟླ་བ།ཚེ་རིང་དོན་གྲུབ་བཅས་དང་དེ་བཞིན་དྲུང་ཆེ་ཧོའུ་ཅིང་ཧྭ་ཚོགས་འདུར་ཕེབས་ཡོད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社