分享按钮

མལ་གྲོ་གུང་དཀར་རྫོང་གིས་གཞི་རིམ་དུ་སྐྱོད་པ་བཞི་ལག་བསྟར་བྱས་ནས་གཙོ་དོན་སློབ་གསོ་གཏིང་ཟབ་སྤེལ་བ།

གཙོ་དོན་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། མལ་གྲོ་གུང་དཀར་རྫོང་གིས་གཞི་རིམ་དུ་སྐྱོད་པ་བཞི་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གཞི་རིམ་དུ་བརྒྱུད་བསྒྲགས་དང་། གཞི་རིམ་དུ་བཅར་འདྲི་དང་བརྟག་དཔྱད། གཞི་རིམ་དུ་ཡིག་བསྐུར་ངོ་བཅར་ལ་སྣེ་ལེན། གཞི་རིམ་གྱི་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ། འཐབ་ས་མདུན་མར་བསྐྱོད་དེ་སྒྲོག་འགྲེལ་པ་དང་། བརྟག་ཞིབ་པ། འདུམ་འགྲིག་པ། འབྲེལ་གཏུགས་པ་བཅས་ཡག་པོ་བྱས་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

སྒྲོག་འགྲེལ་པ་ཡག་པོ་ཞིག་བྱེད་པ་དང་སྲིད་ཇུས་སྒྲོག་འགྲེལ་ཡག་པོ་བྱས་ཏེ་དམངས་སེམས་གཅིག་ཏུ་བསྒྲིལ་བ། མལ་གྲོ་གུང་དཀར་རྫོང་གིས་འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རྫོང་རིམ་པའི་འགོ་ཁྲིད་39ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མལ་གྲོའི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་སོགས་གཙོ་དོན་ཁག་བགོས་དོ་དམ་ཁྱབ་ཁོངས་དང་། ཤང་དང་གྲོང་ཚོ་འགན་གཙང་གི་ཏང་གི་ཤེས་བྱ་སློབ་ཁྲིད་ཐེངས་41བྱས་ཤིང་། གོ་བདེ་ཞིང་ཤེས་སླ་བའི་སྐད་ཆ་དང་གསོན་ཉམས་དོད་པའི་དཔེ་མཚོན་གྱི་ཐོག་ནས་མང་ཚོགས་ལ་ཕན་པ་གང་ནས་ཐོབ་པ་དང་བཀའ་དྲིན་སུ་ལ་འཇལ་དགོས་པ་གསལ་པོར་བཤད་པ་དང་། རྒྱ་ཆེའི་མང་ཚོགས་ལ་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་ཚོར་ཐུབ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་ས་འབྲང་དགོས་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཡོད། སྒྲོག་འགྲེལ་དང་ཤེས་བྱའི་དྲི་བ་ཟུང་འབྲེལ་བྱེད་པ་དང་། སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན་ཟུང་འབྲེལ་བྱེད་པ་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ཀྱི་ཐོག་ནས་ཁ་སྐོང་རྣམ་པའི་སྒྲོག་འགྲེལ་དེ་མཉམ་འགུལ་རྣམ་པའི་སྤེལ་རེས་སུ་བསྒྱུར་ཏེ་མང་ཚོགས་ཀྱིས་ཉན་རྒྱུར་དགའ་བ་དང་། ཉན་ཤེས་པ། ཉན་འདོད་པ་བཅས་བྱས་ནས་རིམ་རྩིས་བྱས་ན་རིག་རྩལ་འཁྲབ་སྟོན་ཐེངས་80ལྷག་ཙམ་དྲིལ་བསྒྲགས་བྱས་པ་དང་དྲི་བར་དྲིས་ལན་བཏབ་པའི་ལག་རྟགས་ཆུང་ཆུང་530ལྷག་ཙམ་སྤྲད་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་པ་དང་། སྒྲོག་འགྲེལ་དཔུང་ཁག་སྟོབས་ཆེར་གཏོང་བ། གཞི་རིམ་དཔུང་ཁག་འཛུགས་སྐྱོང་བྱེད་པ་བཅས་ཀྱི་བྱ་ཐབས་བརྒྱུད་འགོ་ཁྲིད་ལས་བྱེད་པ་དང་། ཏང་གི་སློབ་གྲྭའི་དགེ་རྒན། གཞི་རིམ་གྱི་སྒྲོག་འགྲེལ་པ་བཅས་ཀྱིས་གཙོ་བོར་བྱས་པ་དང་། ཤང་དང་གྲོང་རྡལ་དང་ཚན་པ་ཁག་གིས་ཁ་གསབ་བྱས་པའི་3+Nསྒྲོག་འགྲེལ་དཔུང་ཁག་བཙུགས་ནས་འགོ་ཁྲིད་ཀྱིས་སྲིད་ཇུས་ཤོད་པ་དང་། རིགས་གཅིག་མཁས་ཅན་གྱིས་རིགས་པའི་གཞུང་ལུགས་ཤོད་པ། ལས་བྱེད་པས་ལག་ལེན་གྱི་སྐོར་ཤོད་པ། མང་ཚོགས་ཀྱིས་གཏམ་རྒྱུད་ཤོད་པ་བཅས་ཀྱི་སྒྲོག་འགྲེལ་རྣམ་པ་ཞིག་ཆགས་པར་བྱས་ཏེ་རྒྱུན་གཏན་གྱི་སྒྲོག་འགྲེལ་སྣ་ཚོགས་ཐེངས་460ལྷག་ཙམ་སྤེལ་བ་དང་མང་ཚོགས་མི་ཐེངས་ཁྲི་3.9ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

བརྟག་ཞིབ་པ་ཡག་པོ་བྱས་ནས་འཐབ་ས་མདུན་མར་དམངས་ཀྱི་གནས་ཚུལ་བརྟག་ཞིབ་བྱས་པ། མལ་གྲོ་གུང་དཀར་རྫོང་གིས་ཏང་འཛུགས་སྐྱོང་དང་། གཙོ་གནད་འཕེལ་རྒྱས་གཏོང་བ། དམངས་འཚོའི་སྐོར་གླེང་མང་བ། ལས་དོན་གྱི་འགག་གནད་བཅས་ལ་དམིགས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཇི་ལྟར་བྱས་ནས་ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལས་དོན་གཏིང་ཟབ་ཏུ་གཏོང་དགོས་པ་སོགས་ཞིབ་འཇུག་བྱ་གཞི་16བདམས་ནས་གཏན་འཁེལ་བྱས་ཤིང་། དེའི་ནང་ནན་ཅིང་དང་མལ་གྲོའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་རྒྱུ་སོགས་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་ལྔ་ཡོད། བརྟག་ཞིབ་བྱ་གཞིར་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་ལ་མལ་གྲོ་གུང་དཀར་གྱི་ཁྱད་ཆོས་ལའང་གཞི་ཚུགས་པར་བྱས་ཡོད། རྫོང་རིམ་པའི་འགོ་ཁྲིད་39ཡིས་གནད་དོན་འཁྱེར་ནས་ཐོན་ཏེ་བྱེད་མི་ཆོག་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱ་ཐབས་ཐོག་ནས་སྔ་རྗེས་སུ་གཞི་རིམ་གྱི་འཐབ་ས་མདུན་མར་ཐེངས་89བསྐྱོད་དེ་དར་རྒྱས་གྲོང་ཚོའི་ཆུ་ཡུར་ཉམས་བཟོ་དང་མང་རྭ་གྲོང་ཚོའི་མི་ཕྱུགས་གཉིས་ཀྱི་སྟབས་བདེའི་ཟམ་པ་གསར་སྐྲུན་སོགས་དམངས་འཚོའི་རྣམ་གྲངས་ཆུང་གྲས་9ལ་སྐུལ་འདེད་གཏོང་འགོར་བའི་གནད་དོན་ཐག་གཅོད་བྱས་པ་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-04 6 6 拉萨日报藏文 c173244.html 1 མལ་གྲོ་གུང་དཀར་རྫོང་གིས་གཞི་རིམ་དུ་སྐྱོད་པ་བཞི་ལག་བསྟར་བྱས་ནས་གཙོ་དོན་སློབ་གསོ་གཏིང་ཟབ་སྤེལ་བ། /enpproperty-->