分享按钮

ཟླ་འདིར་རང་གྲོང་དུ་རླངས་འཁོར་འཇོག་ས་གཉིས་གསར་སྣོན་བྱས་ནས་གྲོང་མིའི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཞི་ལྷོད་དུ་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གྲོང་ཁྱེར་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་།བོད་ལྗོངས་པོ་རུའེ་སྤྱི་པའི་ཞབས་ཞུ་ཚོགས་པས་དོན་དངོས་ལ་གཞི་ཚུགས་ནས་རྒྱ་ཆེའི་གྲོང་མིའི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ་རླངས་འཁོར་འཇོག་ས་མང་དུ་གཏོང་བ་དང་། ཐོན་ཁུངས་སྔོག་འདོན་བྱེད་པ། རླངས་འཁོར་འཇོག་སའི་སྒྲིག་ལམ་ལེགས་སུ་གཏོང་བ། རིག་ལྡན་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་མི་རྣམས་ཕྱིར་སྐྱོད་སྐབས་བློ་བདེ་པོ་ཡོང་བར་བྱས་ཡོད།

བོད་ལྗོངས་པོ་རུའེ་སྤྱི་པའི་ཞབས་ཞུ་ཚོགས་པས་གྲོང་ཁུལ་དུ་རླངས་འཁོར་འཇོག་དཀའ་བ་དང་འགྲོ་སྐྱོད་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་གྲོང་ཁྱེར་དོ་དམ་དང་། འགྲིམ་འགྲུལ་ཉེན་རྟོག་པ། ཁྲོམ་གཞུང་དང་སྡེ་ཁུལ་ཁག་སོགས་ལ་གཞོགས་འདེཊ་ཧུར་ཐག་བྱས་ནས་རླངས་འཁོར་འཇོག་སའི་ས་ཚིཊ་མང་དུ་བཏང་བ་དང་རླངས་འཁོར་འཇོག་ས་སྒོ་ཕྱེ་ནས་རླངས་འཁོར་བཞག་ཏུ་བཅུག་པ་སོཊ་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་ཅང་སུའུ་ལམ་དང་། ཉང་བྲན་ཤར་ལམ། སེ་ར་ལམ། གྲྭ་བཞི་ནུབ་ལམ་སོཊ་ཚོང་ལས་འདུས་སྡོད་ཁུལ་དང་གྲོང་མི་འདུས་སྡོད་ཁུལ་དུ་འགྲོ་སྐྱོད་བྱེད་པའི་གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་བཏང་ཡོད། ཉེ་ཆར། བོད་ལྗོངས་པོ་རུའེ་སྤྱི་པའི་ཞབས་ཞུའི་ཚོཊ་པས་རླངས་འཁོར་འཇོག་ས་4གསར་དུ་བསྐྲུན་པ་དང་།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-04 6 6 拉萨日报藏文 c173241.html 1 ཟླ་འདིར་རང་གྲོང་དུ་རླངས་འཁོར་འཇོག་ས་གཉིས་གསར་སྣོན་བྱས་ནས་གྲོང་མིའི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཞི་ལྷོད་དུ་བཏང་བ། /enpproperty-->