分享按钮

རྒྱལ་ཡོངས་དང་།ལྗོངས།གྲོང་ཁྱེར་བཅས་རིམ་པ་གསུམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོཊ་ཀྱིས་མཉམ་འབྲེལ་ཐོག་བོད་རྒྱ་ཡིག་རིཊ་གཉིས་ཀྱི་དཔེ་དེབ་འབུལ་བའི་མཛད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་སྔ་དྲོ། སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོར་གནས་པའི་རུང་དམར་ཤང་ས་བབ་མཐོ་བའི་ཡུལ་གཞན་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོཊ་ཀྱིས་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོཊ་བཅས་དང་ཐུན་མོང་ཐོག“མཛེས་སྡུག་ལྡན་པའི་བུད་མེད·བདེ་སྐྱིད་ལྡན་པའི་ཁྱིམ་ཚང”ཞེས་པའི་བོད་རྒྱ་ཡིག་རིཊ་གཉིས་ཀྱི་དཔེ་དེབ་རིན་མེད་ངང་སྤྲོད་པའི་མཛད་སྒོ་སྤེལ་བ་དང་། མཛད་སྒོ་མཇུག་འགྲིལ་རྗེས། དཔེ་དེབ་ཁྲི་10ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་བོད་རིཊ་ཀྱི་ཁྱིམ་ཚང་ཁྲི་10དང“བུད་མེད་ཀྱི་ཁྱིམ་ཚང”1600ལྷག་ཙམ་ལ་བསྐྱལ་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།“མཛེས་སྡུག་ལྡན་པའི་བུད་མེད·བདེ་སྐྱིད་ལྡན་པའི་ཁྱིམ་ཚང”ཞེས་པའི་བོད་རྒྱ་སྐད་གཉིས་ཀྱི་དཔེ་དེབ་ནང《མི་རིཊ་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ》དང《བུད་མེད་ཀྱི་བདེ་ཐང་ཤེས་བྱའི་ལག་དེབ》《ལོ་དྲུག་མན་གྱི་བྱིས་པ་གསོ་སྐྱོང་གི་ལག་དེབ》《བྱིས་པའི་བདེ་འཇགས་ཀྱི་རང་སྲུང་ལག་དེབ》བཅས་དཔེ་དེབ་4ཚུད་ཡོད། དེ་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོཊ་ཀྱིས་དཔེ་སྐྲུན་བྱས་པའི་བོད་རིགས་ཀྱི་བུད་མེད་དང་། བྱིས་པ། ཁྱིམ་ཚང་བཅས་ལ་འཚམ་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔེ་ཀློག་བྱེད་ཆེད་ཀྱི་དཔེ་ཚོགས་ཆ་ཚང་ཞིག་ཡིན། དེའི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། མི་རིགས་ཁག་སེའུ་འབྲུ་ལྟར་མཐུན་སྒྲིལ་དམ་ཟབ་བྱ་རྒྱུ་དེ་ཡིན། གོ་བ་ལེན་རྒྱུར་སྟབས་བདེ་ཡོང་ཆེད། དཔེ་དེབ་དེའི་ནང་ད་དུང་པར་རིས་འབོར་ཆེན་བཀོད་པས་གསོན་ཉམས་དོད་ད་སོང་ནས་ས་གནས་ས་ཐོག་ཏུ་མང་ཚོཊ་ཀྱི་དགའ་བསུ་ཐོབ་པ་རེད། བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོཊ་གཡུ་རྡོས་དཔེ་དེབ་ལག་ཏུ་ལེན་རྗེས། དཔེ་དེབ་ལ་ལྟ་བཞིན་དུ“ཁྱོད་ཀྱིས་ལྟོས་དང་། མི་འདིར་གློག་འཁྱུད་འདུག་ང་ཚོས་ཐད་ཀར་ཁོ་སྐྱོབ་ཏུ་འགྲོ་མི་རུང་བར། སྔོན་ལ་དབྱུག་པ་སྤྱད་དེ་གློག་སྐུད་གཞན་དུ་སྤོ་དགོས”ཞེས་བཤད། གཡུ་རྡོས་རང་ཉིད་ལ་དཔེ་དེབ་སྤྲོད་མཁན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོཊ་དྲིལ་བསྒྲཊ་པུའུ་ཡི་འགོ་འཛིན་ཀྲུའུ་ཞའོ་ལ་ངར་དཔེ་དེབ་འཐོལ་པ་སྤྲོད་གནང་ན་འགྲིག་གམ། འབྲོག་ཁུལ་གྱི་གཉེན་ཉེ་ལ་དཔེ་ཀློག་བྱ་རྒྱུར་སྤྲོད་རྒྱུ་ཡིན”ཞེས་དྲིས།

དེ་གར་ཡོད་པའི་ཚེ་རིང་མཚོ་མོས“ངེད་ཚང་གི་བྱིས་པ་ལོ་4རུ་སླེབས་ཡོད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཕྲུ་གུར་ཞོར་ཟས་དང་འཐུང་བཅའ་མང་པོ་སྟེར་མི་རུང་། དེ་ལྟར་མ་བྱས་ན་བྱིས་པར་ནད་འབྱུང་སླ་པོ་ཡོད”ཅེས་རང་གིས་དཔེ་དེབ་བལྟས་པའི་མྱོང་ཚོར་ཡུལ་མི་ཚོར་གླེང་ཞིང་། ལོ་29ལ་སླེབས་པའི་ཚེ་རིང་མཚོ་མོ་ནི་མཐོ་འབྲིང་འགྲིམས་མྱོང་བས་གྲོང་ཚོའི་ནང་གི“ཡོན་ཚད་མཐོ་བའི་ཤེས་ལྡན་པ”ཞིག་ཏུ་བརྩི་ཡི་ཡོད། ཁོ་མོ་ནི་ནག་ཆུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་མེས་བཀོད་སྒྲིག་བྱས་པའི“བུད་མེད་ཀྱི་ཁྱིམ་ཚང”གི་དགེ་རྒན་ཞིག་ཡིན། ཨ་མེས་གསར་འགོད་པར། བཀོད་སྒྲིག་བྱ་ཡུལ་འདི་གཙོ་བོ་ནག་ཆུ་གྲོང་ཁྱེར་རོང་ཤང་གི་གྲོང་ཚོ་གཉིས་ཀྱི་ཡུལ་གཞན་དབུལ་སྐྱོར་གནས་སྤོས་ཀྱི་དུད་ཚང་ཡིན་པ་དང་། ཤང་ཡོངས་ཀྱི་བུད་མེད་མི་གྲངས་500ལྷག་ཙམ་གྱི་ཕྱེད་ཀ་ཡན་ནི་ཡིག་རྨོངས་དང་ཡིག་ངོ་ཆོད་ཙམ་ཡིན་པ་དང་། “བུད་མེད་ཀྱི་ཁྱིམ་ཚང”ལ་བརྟེན་ནས། ཁོ་ཚོས་འཐག་ལས་དང་མེ་ཏོག་ངོ་མ་དཔེར་བྱས་ཏེ་འདྲ་བཟོ་སོགས་ཀྱི་རྩལ་ནུས་ཤེས་ཡོད། ནག་ཆུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་ཁོ་ཚོར་ཁྱིམ་ལས་ཞབས་ཞུའི་གསོ་སྦྱོང་བྱས་པ་དང་འབྲེལ“མཚན་མོའི་སློབ་གྲྭ”བཙུགས་ཏེ། ཡི་གེ་ཤེས་མཁན་བུད་མེད་ཀྱིས་ཤང་དེ་ཡོངས་ཀྱི་བུད་མེད་ལ་ཡི་གེ་སློབ་རྒྱུ་ཡིན་པ་རེད།“སྤྲོ་བ་མེད་པར་གསལ་བྱེད་རེ་རེ་བཞིན་སློབ་ཁྲིད་བྱས་པར་ཕན་འབྲས་ཐོན་པའི་ངེས་པ་མེད། མི་སེར་ལ་སྤྲོ་བ་ཡོད་པའི་དཔེ་དེབ་འདི་དང་ཟུང་འབྲེལ་བྱས་ན་གྲུབ་འབྲས་ཐོན་ངེས་རེད”ཅེས་ཨ་མེས་བཤད།

བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་འབྲུག་མཚོས། དཔེ་དེབ་སྤྲོད་པའི་བྱེད་ཕྱོགས་ཐད་ཀྱི་ལས་དོན་མགྱོགས་སུ་བཏང་སྟེ། ཡོངས་ཁྱབ་དང་། “བུ་ཕྲུག་གིས་དཔེ་དེབ་ཀློག་པ”“དཔེ་ཀློག་ལ་རོགས་རམ”སོགས་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་ཐུབ་པ་བྱ་རྒྱུ་དང་། དཔེ་དེབ་ཡག་པོ་ལྟ་གང་ཐུབ་ཅི་ཐུབ་བྱས་ཏེ། ཁོང་ཚོའི་ཁྱིམ་ཚང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱིམ་སྲོལ་བཟང་པོ་དར་སྤེལ། བོད་ཀྱི་བུད་མེད་སྐོར་གྱི་ལས་ཀ་དང་ཁྱིམ་ཚང་གི་བྱ་བ་དར་སྤེལ་ལེགས་པོ་གཏོང་བའི་ལག་ཆ་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

རིན་མེད་ངང་དཔེ་དེབ་སྤྲོད་པའི་མཛད་སྒོ་སྤེལ་རྗེས། ད་དུང་ཧྥུ་ཁང་སྨན་ཁང་གིས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཏེ་རིན་ཐང་སྒོར་ཁྲི་12རི་བའི་ཕོ་བ་དང་རྒྱུ་མའི་ནད་རིགས་དང་། ཀླད་སྙིང་ཁྲག་རྩའི་ནད། བདེ་སྲུང་སྨན་རྫས་བཅས་ཀྱི་རིན་གོང་རྩ་ཆག་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ལག་ཏུ་སྤྲད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2018-09-06 6 6 拉萨日报藏文报 c44955.html 1 རྒྱལ་ཡོངས་དང་།ལྗོངས།གྲོང་ཁྱེར་བཅས་རིམ་པ་གསུམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོཊ་ཀྱིས་མཉམ་འབྲེལ་ཐོག་བོད་རྒྱ་ཡིག་རིཊ་གཉིས་ཀྱི་དཔེ་དེབ་འབུལ་བའི་མཛད་སྒོ་སྤེལ་བ། /enpproperty-->