分享按钮

ཀྲུང་གོའི་རྒྱ་གྲམ་དམར་པོའི་ཁོངས་གཏོཊ་ཀྱི་ བོད་སྐྱོར་ལས་དོན་ཚོཊ་འདུ་ལྷ་སར་འཚོཊ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་4ཉིན། ཀྲུང་གོའི་རྒྱ་གྲམ་དམར་པོའི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་དེ་ལྷ་སར་འཚོགས་ཤིང་། ཚོགས་འདུས་2016ལོ་ཚུན་གྱི་ཀྲུང་གོའི་རྒྱ་གྲམ་དམར་པོའི་སྤྱི་ཁྱབ་ཚོགས་པ་དང་དེ་བཞིན་རྒྱལ་ཡོངས་ཀྱི་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)18ཀྱི་རྒྱ་གྲམ་དམར་པོའི་ཚོགས་པས་མི་ཆོས་བོད་སྐྱོར་ལས་དོན་སྤེལ་བའི་གནས་ཚུལ་ལ་ཕྱོགས་བསྡོམས་བྱས་པ་དང་། སླད་ཕྱིན་དུས་སྐབས་ཤིག་གམ་མ་འོངས་པའི་ལོ་གསུམ་ནང་ཀྲུང་གོའི་རྒྱ་གྲམ་དམར་པོའི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་འགན་འཁུར་མི་སྣས་རྒྱ་གྲམ་དམར་པོའི་ལས་དོན་དང་ལྷག་པར་དུ་མི་ཆོས་ཀྱི་དགོས་མཁོའི་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ། ཧྥུ་ཅན་བཅས་ཞིང་ཆེན་བཞིའི་རྒྱ་གྲམ་དམར་པོ་ཚོགས་པའི་འགན་འཁུར་མི་སྣས་མི་ཆོས་བོད་སྐྱོར་ལས་དོན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པས་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོའི་བྱ་གཞག་འཕེལ་རྒྱས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་མཉམ་ལས་ཀྱི་སྒྲིག་གཞིའི་གྲོས་མཐུན(2018—2020)》ལ་མིང་རྟགས་བཀོད་པ་དང་། བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)ཁག་གི་རྒྱ་གྲམ་དམར་པོའི་ཚོགས་པ་དང་རོགས་སྐྱོར་དང་ལེན་ཞུ་མཁན་གྱི་གྲོང་ཁྱེར(ས་ཁུལ)གྱིས་མི་ཆོས་དགོས་མཁོ་དང་རོགས་རམ་གྱི་འབྲེལ་མཐུད་བྱས་པ་དང་སྦྲགས་མ་འོངས་པའི་ལོ་གསུམ་ནང་གི་རོགས་སྐྱོར་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པ་དང་རྒྱལ་ཡོངས་ཀྱི་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)ཁག་གིས་རང་ལྗོངས་ལ་ཁྱོན་མ་དངུལ་སྒོར་ཁྲི་2000ཙམ་དང་། དངོས་རྫས་དང་རྣམ་གྲངས་སོགས་མི་ཆོས་རོགས་སྐྱོར་མཁོ་སྤྲོད་བྱས་པ་རེད། གོམ་སྟབས་རྗེས་མའི་ལས་དོན་ཁྲོད། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པ་དང་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན(གྲོང་ཁྱེར)ཁག་གི་རྒྱ་གྲམ་དམར་པོའི་ཚོགས་པས་རང་ལྗོངས་ལ་དེ་བས་དམིགས་སའི་རང་བཞིན་ལྡན་པ་དང་། དེ་བས་སྟོབས་ཤུགས་ལྡན་པའི་མི་ཆོས་རོགས་སྐྱོར་བྱེད་རྒྱུ་ཡིན་པ་རེད།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2018-09-06 6 6 拉萨日报藏文报 c44956.html 1 ཀྲུང་གོའི་རྒྱ་གྲམ་དམར་པོའི་ཁོངས་གཏོཊ་ཀྱི་ བོད་སྐྱོར་ལས་དོན་ཚོཊ་འདུ་ལྷ་སར་འཚོཊ་པ། /enpproperty-->