分享按钮

རང་གྲོང་གི་ད་ལོའི་ཁག་དང་པོའི་གསར་སྣོན་བྱས་པའི་སྨན་བཅོས་འགན་བཅོལ་གྱི་དམིཊ་འཛུཊ་ཀྱི་སྨན་བཅོས་སྒྲིག་གཞིའི《ཞབས་ཞུའི་གྲོས་མཐུན》ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ།

སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་ཀྱི་སྨན་བཅོས་སྒྲིག་གཞི་5གསར་དུ་བསྣན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་4ཉིན། རང་གྲོང་གི་ད་ལོའི་ཁག་དང་པོའི་གསར་སྣོན་བྱས་པའི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི《ཞབས་ཞུའི་གྲོས་མཐུན》ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ་རེད། མཛད་སྒོའི་ཐོག་བོད་ལྗོངས་གླིང་ལྔ་སྨན་ཁང་དང་། ཁང་ཙང་ཅི་སྨན་རྫས་ཚོང་ཁང་ཆེ་མོ་སོགས་སྨན་ཚོང་ཁང་ཁག་4སྔ་རྗེས་སུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་སྨན་བཅོས་འགན་བཅོལ་ལྟེ་གནས་དང《ཞབས་ཞུའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། རང་གྲོང་དུ་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་ཀྱི་སྨན་བཅོས་སྒྲིག་གཞི་5གསར་དུ་བསྣན་ཡོད་པ་རེད།

གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་སྨན་བཅོས་འགན་སྲུང་ལྟེ་གནས་ཀྱི་འགན་འཁུར་བ་ལི་ཅུན་མེ་ཡིས“དེ་རིང་གན་རྒྱ་བཞག་ཟིན་པ་འདི་དག་སྣོན་རྗེས། མིག་སྔར་རང་གྲོང་དུ་དམིགས་འཛུགས་ཀྱི་སྨན་བཅོས་སྒྲིག་གཞི་ཁྱོན་125ཡོད་པ་དང་། དེའི་ནང་དམིཊ་འཛུཊ་བྱས་པའི་སྨན་རྫས་བསིལ་ཚོང་ཁང་86དང་། སྨན་བཅོས་སྒྲིག་གཞི་39ཡོད”ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་རེ་འདུན་ཞུ་མི་གཙོ་བོས་སྨན་བཅོས་འགན་བཅོལ་གྱི་དམིཊ་འཛུཊ་ཀྱི་བསིལ་འཚོང་ཁང་རེ་ཞུ་བྱེད་སྐབས། ཐོག་མར། ངེས་པར་དུ་རྒྱལ་ཁབ་དང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྡེ་ཁག་གི་ད་ཡོད་ཀྱི་དམིགས་འཛུགས་ཀྱི་སྨན་བཅོས་སྒྲིག་གཞིའི་བཀོད་སྒྲིག་གི་ཚད་གཞི་དང་ལས་གཉེར་གྱི་ཚད་གཞི་དང་མཐུན་དགོས་པ་དང་། དུས་མཚུངས་སུ་རང་ཚུགས་ཀྱི་སྨན་བཅོས་ཞབས་ཞུ་བྱེད་གནས་ཡོད་དགོས་ཤིང་། སྨན་བཅོས་བྱེད་གནས་ཀྱི་ས་ཆའི་སྤྱོད་དབང་འམ་ཡང་ན་ཁང་ཁོངས་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུས་པའི་བོགས་མར་གཏོང་ལེན་སྐོར་གྱི་གན་རྒྱ་དེ། རེ་ཞུའི་སྙན་ཞུའི་དཔྱད་ཡིག་སྐྱེལ་བའི་ཉིན་དེ་ནས་རྩིས་ཀྱི་ཡོད་པ་དང་།གན་རྒྱ་དེ་ལོ་2དང་ལོ་2ཡན་ཆད་བརྩི་ཡི་ཡོད་པ་རེད། གཉིས་ནས། དེར་བསིལ་འཚོང་བྱེད་པའི་སྨན་རྫས་ཀྱི་རིགས་དེ་དག་ངེས་པར་དུ་གཞི་རྩའི་སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་དཀར་ཆག་གི་ཚད་གཞི་དང་མཐུན་དགོས་པ་དང་། རིམ་པ་གསུམ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་གྲ་སྒྲིག་བྱེད་ཚད་བརྒྱ་ཆ་80ལས་མི་དམའ་བ་བྱེད་དགོས་པ་དང་། རིམ་པ་གཉིས་པའི་ཕྱོཊབསྡུས་རང་བཞིན་གྱི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་གྲ་སྒྲིག་བྱེད་ཚད་བརྒྱ་ཆ་70ལས་མི་དམའ་བ། རིམ་པ་དང་པོ་དང་དེ་བཞིན་དེ་ལས་དམའ་བའི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་གྲ་སྒྲིག་བྱེད་ཚད་ནི་བརྒྱ་ཆ་60ལས་དམའ་མི་རུང་བ་དང་། ཆེད་ལས་སྨན་བཅོས་སྒྲིག་གཞིའི་སྨན་རྫས་གྲ་སྒྲིག་བྱེད་ཚད་བརྒྱ་ཆ་50ལས་མི་དམའ་བ་བཅས་བྱེད་དགོས་པ། མཇུག་མཐར།ལས་གཉེར་བྱས་ནས་ལོ་གཅིག་ཟིན་རྗེས་འཕྲོད་བསྟེན་དང་།འཆར་ལྡན་བུ་བཙའ། ཟས་རིགས་དང་སྨན་རྫས་ལྟ་སྐུལ། ཟོག་གོང་སོགས་སྡེ་ཁག་གིས་སྲིད་འཛིན་ཐོག་གི་ཆད་པ་བཅད་མེད་པའི་ཟིན་ཐོ་ཡོད་དགོས་པ་མ་ཟད། སྨན་བཅོས་ལས་འཛོལ་ཚབས་ཆེན་གྱི་རིགས་མེད་པ་བྱེད་དགོས་པ་བཅས་ཡིན།

ལི་ཅུན་མེ་ཡིས་འགན་བཅོལ་ནང་ཞུགས་པའི་གྲོང་མི་རྣམས་ལ་གསར་དུ་གན་རྒྱ་བཞག་པའི་སྨན་བཅོས་ཀྱི་དམིགས་འཛུགས་སྒྲིག་གཞི་5པོ་དེ་དག་སོ་སོ་ནི། འདམ་ར་དཀྱིལ་ལམ་དུ་གནས་པའི་བོད་ལྗོངས་གླིང་ལྔ་སྨན་ཁང་དང་། ཁྲེང་ཀོན་ཆུས་ཉང་བྲན་ཤང་རིན་ཆེན་ཚལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཉེ་འདབས་སུ་ཡོད་པའི་ཉང་བྲན་ཧྲེང་དབྱིན་སྨན་རྫས་ཚོང་ཁང་། སྣེའུ་ཁུལ་གསར་པེ་ཅིང་ལམ་ཆེན་ཐའེ་ཁང་སྨན་རྫས་ཕྱིར་འཚོང་ཚད་ཡོད་ཀུང་སི།བདེ་སྐྱིད་དཀྱིལ་ལམ་དུ་གནས་པའི་ཙང་ཡུས་ཐང་སྨན་རྫས་ཚད་ཡོད་ཀུང་སི། གྲྭ་བཞི་ཤར་ལམ་དུ་ཡོད་པའི་ཁང་ཙང་ཅི་སྨན་རྫས་ཚོང་ཁང་ཆེ་མོ་བཅས་ཡིན་པའི་དྲན་སྐུལ་བྱས་པ་དང་། འགན་བཅོལ་ནང་ཞུགས་པའི་གྲོང་མི་རྣམས་ཀྱིས་རང་ཉིད་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཐག་ཉེ་སར་སྨན་པ་བསྟེན་པ་དང་སྨན་བཅོས་བྱས་ན་འགྲིག

བོད་ལྗོངས་གླིང་ལྔ་སྨན་ཁང་གི་འགན་འཁུར་བ་ཅན་ཆིང་གིས་གསར་འགོད་པར“ད་ལྟ་ནི་དམངས་ཡོངས་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་དུས་རབས་ཤིག་ཡིན་པས། ང་ཚོའི་སྨན་ཁང་ཡང་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུཊ་སྨན་བཅོས་སྒྲིག་གཞི་ཞིག་ཏུ་གྱུར་ཡོད་པ་དང་། འགན་བཅོལ་ནང་ཞུགས་པའི་གྲོང་མི་དེ་བས་མང་བར་ཞབས་ཞུ་ཐུབ་ཀྱི་ཡོད། སླད་ཕྱིན། ང་ཚོས་ངེས་པར་དུ་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་གཏན་འབེབས་དང་བླང་བྱ་ལྟར་ལས་དོན་བསྒྲུབས་ནས་རྒྱ་ཆེའི་གྲོང་མི་རྣམས་ལ་ཞབས་འདེཊ་དེ་བས་ཡག་པ་ཞུ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།

(སྐལ་བཟང་དབང་མོས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2018-09-06 སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་ཀྱི་སྨན་བཅོས་སྒྲིག་གཞི་5གསར་དུ་བསྣན་པ། 6 6 拉萨日报藏文报 c44954.html 1 རང་གྲོང་གི་ད་ལོའི་ཁག་དང་པོའི་གསར་སྣོན་བྱས་པའི་སྨན་བཅོས་འགན་བཅོལ་གྱི་དམིཊ་འཛུཊ་ཀྱི་སྨན་བཅོས་སྒྲིག་གཞིའི《ཞབས་ཞུའི་གྲོས་མཐུན》ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ། /enpproperty-->