分享按钮

རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས་ནུས་ཤུཊ་ཡོད་རྒུས་བོད་ལྗོངས་འགྲེམས་ཚོཊ་རིང་གི་གློག་འདོན་ལ་འགན་སྲུང་བྱེད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་4ཉིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སི་ནས་ཤེས་རྟོཊ་བྱུང་གསལ། སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོཊ(གཤམ་དུ་བོད་ལྗོངས་འགྲེམས་ཚོཊ་ཞེས་བསྡུ་རྒྱུ་ཡིན)སྤེལ་རིང་གི་གློག་ཤུཊ་བདེ་འཇཊ་དང་།ཐོན་སྐྱེད་བརྟན་པོ། གློག་དྲ་བདེ་འཇཊ་ངང་འཁོར་སྐྱོད། གློག་ཤུཊ་མཁོ་འདོན་འདང་ངེས་ཡོང་བ་བཅས་བྱ་ཆེད། རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས་མི་ཤུཊ་དང་དངོས་ཤུཊ་གང་ལེཊ་བཏོན་ཏེ། ཀྲོའུ་ཅི་མགྲོན་ཁང་དང་། ལྷ་ས་གསོལ་མགྲོན་ཁང་། ཤམ་བྷ་ལ་གསོལ་མགྲོན་ཁང་ཆེན་མོ། དེ་བཞིན་གྲོང་ཁྱེར་གྱི་མང་ཚོཊ་བྱེད་སྒོ་ལྟེ་གནས། བོད་ལྗོངས་འགྲེམས་ཚོགས་ལྟེ་གནས། 《འུན་ཤིང་ཀོང་ཇོའི》དངོས་ལྗོངས་འཁྲབ་ཚན་འཁྲབ་སྟོན་ཁང་། བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་། བཤད་སྒྲ་སྒོ་ར་ཆེན་པོ་བཅས་གནས་8ཀྱི་གློག་འདོན་འགན་སྲུང་ལས་དོན་སྤེལ་བ་རེད།

གསར་འགོད་པས་གྲོང་ཁྱེར་མང་ཚོཊ་རིག་གནས་ལུས་རྩལ་ལྟེ་གནས་སུ། རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིའི་ལས་བྱེད་མི་སྣས་བྲེལ་འཚུབ་ཆེན་པོས་ཕྱོཊ་ཡོངས་ནས་གློག་འདོན་འགན་སྲུང་ཁུལ་གྱི་གཙོ་གནད་སྒྲིག་ཆས་ལ་གྲལ་བཤེར་བྱས་པ་དང་། ས་གནས་ས་ཐོག་ཏུ་གློག་འདོན་གློག་སྤྱོད་དང་སྒྲིག་སྦྱོར་སྒྲིག་ཆས་ལ་སྐོར་ཞིབ་བྱེད་བཞིན་ཡོད་པ་མཐོང་བྱུང་། ས་གནས་ས་ཐོག་གི་འགན་འཁུར་བ་ཏིང་མ་ཧྥེ་ཡིས་གསར་འགོད་པར“ཟླ་9པའི་ཚེས་7ཉིན་གྱི་དགོང་མོར་བོད་ལྗོངས་འགྲེམས་ཚོཊ་ཀྱི་འགོ་ཚུཊ་མཛད་སྒོ་སྤེལ་རྒྱུ་ཡིན་པས། གློག་འདོན་འགན་སྲུང་གི་གནོན་ཤུཊ་ཅུང་ཆེ་ཙམ་ཡོད། ཉེ་དུས་ང་ཚོས་ཉིན་ལྟར་གློག་འདོན་སྒྲིག་ཆས་ཁག་ལ་སྐོར་ཞིབ་ནན་ཏན་བྱས་ནས་སྒྲིག་ཆས་དེ་དག་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱེད་བཞིན་ཡོད། དེ་མིན་ང་ཚོའི་ཀུང་སིས་གློག་འདོན་འགན་སྲུང་བྱེད་ས་ཁག་གི་སྒྲིག་ཆས་ཀྱི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ཏེ་།བྱེད་སྒོ་སྤེལ་རིང་གི་གློག་འདོན་ཐེག་ཚད་དང་གནམ་གཤིས་ངན་པའི་ཤུཊ་རྐྱེན་ལ་དམིཊ་ནས། གློག་སྐུད་དང་གློག་ལམ་ལ་ཞན་སའི་སྔོན་དཔག་དབྱེ་ཞིབ་བྱས་པ་མ་ཟད། ལམ་ཐིག་དང་སྒྲིག་ཆས་ལྟར་གློག་སྐུད་རེ་རེ་དང་དུམ་བུ་རེ་རེ་བཞིན་གློག་འདོན་འགན་སྲུང་ལས་ཀའི་རིང་ཐོན་སྲིད་པའི་གནས་ཚུལ་གསེད་བཀྲོལ་དང་། བྱེད་ཐབས་སྤྱད་དེ་ལྟ་སྐུལ་ཚོད་འཛིན་དང་ཐག་གཅོད་བྱས་པ་ཡིན”ཞེས་བཤད་བྱུང་།

ཤེས་རྟོཊ་བྱུང་བར་གཞིགས་ན། བོད་ལྗོངས་འགྲེམས་ཚོཊ་གཉེར་རིང་། བདེ་འཇཊ་དང་བརྟན་པའི་ངང་གློག་སྤྱོད་ཁོར་ཡུག་ཅིག་བསྐྲུན་ཆེད། རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས་ཆེད་མངཊ་འགོ་ཁྲིད་གཙོ་བོས་ཚོཊ་ཆུང་གི་ཙུའུ་ཀྲང་བྱས་པ་དང་། ལས་བགོས་འགོ་ཁྲིད་ཀྱིས་ཚོ་ཆུང་གི་ཙུའུ་ཀྲང་གཞོན་པ་བྱས་པ། འབྲེལ་ཡོད་ཀྱི་ཚན་པ་དང་ལས་ཁུངས་ཁག་གི་འགན་འཁུར་བ་གཙོ་བོས་ཁོངས་མི་བྱས་པའི་བོད་ལྗོངས་འགྲེམས་ཚོཊ་ཀྱི་གློག་འདོན་འགན་སྲུང་ལས་སྒོའི་འགོ་ཁྲིད་ཚོཊ་ཆུང་བཙུཊ་པ་རེད། ཏིང་མ་ཧྥེ་ཡིས“འགོ་ཁྲིད་ཚོཊ་ཆུང་བཙུཊ་པ་ཕུད། ང་ཚོས་ད་དུང་བཀོད་སྒྲིག་ཞིབ་ཕྲ་བྱས་པས། ཚད་གཞི་མཐོ་བ་དང་། སྤུས་ཚད་ལེཊ་པ། ལས་ཆོད་ཆེ་བའི་སྒོ་ནས་བོད་ལྗོངས་འགྲེམས་ཚོཊ་སྤེལ་རིང་གི་གློག་འདོན་འགན་སྲུང་གི་ལས་འགན་ལེཊ་སྒྲུབ་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།

(སྐལ་བཟང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2018-09-06 6 6 拉萨日报藏文报 c44953.html 1 རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས་ནུས་ཤུཊ་ཡོད་རྒུས་བོད་ལྗོངས་འགྲེམས་ཚོཊ་རིང་གི་གློག་འདོན་ལ་འགན་སྲུང་བྱེད་པ། /enpproperty-->