分享按钮

ཆུ་ཤུར་རྫོང་གིས་གཞི་རིམ་དུ་ཁྲིམས་སྐྱོང་རིག་གནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཆུ་ཤུར་རྫོང་སྲིད་ཁྲིམས་ཨུ་ལྷན་གྱིས་རྫོང་སྤྱི་བདེ་ཅུད་དང་རྫོང་ཞིབ་དཔྱོད་ཁང་། རྫོང་ཁྲིམས་ཁང་བཅས་སྒྲིག་འཛུཊ་བྱས་ཏེ། མཉེས་ཐང་ཤང་ཕྱོཊ་བསྡུས་བཅོས་སྐྱོང་གཞུང་དོན་ཁང་དང་ཤང་མངཊ་གཏོང་ཁང་གཉིས་དང་མཉམ་འབྲེལ་བྱས་ཏེ་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོར་དང་ར་སྟོད་གྲོང་ཚོར“གཞི་རིམ་དུ་ཁྲིམས་སྐྱོང་རིག་གནས་སྤེལ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་ལུཊ་དྲིལ་བསྒྲཊ་ཀྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་བའི་རིང་། ཁྲིམས་ལུགས་ཁྱབ་གདལ་མི་སྣས་བློ་འདྲིའི་སྟེགས་བུ་འཛུགས་པ་དང་། འཕྲེད་དར་འགེལ་བ། དྲིལ་བསྒྲགས་ཡིག་རིགས་འགྲེམས་པ། དྲིལ་བསྒྲགས་འགྲེམས་པང་གཤོམ་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། དེ་དང་དུས་མཚུངས་སུ་ཁྲིམས་ལུགས་ཁྱབ་གདལ་བྱེད་མཁན་གྱིས་འཚོ་བའི་ཁྲོད་རྒྱུན་མཐོང་གི་བཅའ་ཁྲིམས་ཀྱི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་དང་། བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་རྒྱུར་སྐུལ་མ་བཏང་ཡོད། མང་ཚོགས་ཚོའི་སྤྲོ་སེམས་རབ་ཏུ་འཕེལ་བའི་བྱེད་སྒོ་སྤེལ་ཡུལ་དུ་ཁྲིམས་ལུགས་ཁྱབ་གདལ་མི་སྣས་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་རྣམས་དཔེ་མཚོན་གྱི་གྱོད་དོན་དང་ཟུང་འབྲེལ་བྱས་ནས། ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་ཡོད་པ་དང་། 《འགྲིམ་འགྲུལ་བདེ་འཇཊ་སྐོར་གྱི་བཅའ་ཁྲིམས》དང་། 《བདེ་སྲུང་སྲོལ་ཡིག་གི་ཆད་གཅོད་བཅའ་ཁྲིམས》《དམངས་རྩོད་གཏུག་བཤེར་སྐོར་གྱི་བཅའ་ཁྲིམས》《གཉེན་སྒྲིག་བཅའ་ཁྲིམས》《ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ཟིང་བཅོས་ཀྱི་སྤྱི་བསྒྲཊ》དེ་བཞིན་འགྲིམ་འགྲུལ་བདེ་འཇགས་དང་། གློག་འཕྲིན་ཐོག་ནས་མགོ་བསྐོར་གཏོང་བའི་བྱ་སྤྱོད་སྔོན་འགོག དུག་རྫས་བཀག་འགོག་སོཊ་ཀྱི་བཅའ་ཁྲིམས་དང་རྒྱུན་ཤེས་དྲིལ་བསྒྲཊ་བྱས་ཡོད་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེས་མང་ཚོཊ་1000ལྷག་ཙམ་ལ་ཁྱོན་དྲིལ་བསྒྲཊ་དཔྱད་ཡིག་2000ལྷག་ཙམ་སྤྲད་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར། ཆུ་ཤུར་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ“ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་། དུས་རབས་གསར་པར་བཅའ་ཁྲིམས་ཀྱིས་མཛེས་རྒྱན་སྤྲོས”ཞེས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་དང་། “རྩ་ཁྲིམས་ཀྱི་སྙིང་སྟོབས་དར་འཕེལ། ཁྲིམས་སྐྱོང་ལ་བརྩི་བཀུར་བྱེད”ཅེས་པ་བརྗོད་བྱ་གཙོ་བོར་བཟུང་པའི་རྩ་ཁྲིམས་ལ་སློབ་སྦྱོང་དང་།དྲིལ་བསྒྲཊ། ལག་ལེན་བཅས་བྱེད་པའི་བྱེད་སྒོ་སྤེལ་ཐོག“ཁྲིམས་སྐྱོང་རིག་གནས་གཞི་རིམ་དུ་སྤེལ”ཞེས་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2018-09-06 6 6 拉萨日报藏文报 c44952.html 1 ཆུ་ཤུར་རྫོང་གིས་གཞི་རིམ་དུ་ཁྲིམས་སྐྱོང་རིག་གནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->