分享按钮

སྡེ་ཚན་བཞིས་ཡིག་ཆ་བཀྲམ་ནས་མི་ཐབས་རིག་ནུས་དང་ནུས་ཁུངས་ཕྱོགས་གཉིས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ།གསར་འགོད་པར་ཟླ་5ཚེས་8ཉིན་ཤེས་རྟོགས་བྱུང་བར་གཞིགས་ན།རྒྱལ་ཁབ་ནུས་ཁུངས་ཅུས་ནས་ཤེས་རྟོགས་བྱུང་བར།རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ།རྒྱལ་ཁབ་གྲངས་གཞི་ཅུས་བཅས་དང་མཉམ་དུ་ཉེ་ཆར་པར་འགྲེམས་བྱས་པའི《མི་ཐབས་རིག་ནུས་དང་ནུས་ཁུངས་ཕྱོགས་གཉིས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་སྤྱོད་ཇུས་གཞིའི》ནང་བཏོན་དོན། 2030ལོར་སླེབས་སྐབས་མི་ཐབས་རིག་ནུས་ཀྱི་རྩིས་ནུས་སྒྲིག་བཀོད་ཀྱི་ནུས་ཁུངས་གཙང་མའི་མཁོ་སྤྲོད་འགན་ལེན་གྱི་ནུས་པ་དང་ནུས་ཁུངས་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་བཀོལ་སྤྱོད་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་མི་ཐབས་རིག་ནུས་དང་ནུས་ཁུངས་ཕྱོགས་གཉིས་ཀྱི་ནུས་པར་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།

བྱ་སྤྱོད་ཇུས་གཞིས་ནུས་ཁུངས་ཀྱིས་མི་ཐབས་རིག་ནུས་འཕེལ་རྒྱས་དང་མི་ཐབས་རིག་ནུས་ཀྱི་ནུས་ཁུངས་ཕྱོགས་སྒྱུར་གཙོ་རྐང་དུ་བྱ་རྒྱུར་འདེགས་སྐྱོར་བྱས་ཏེ་རྩིས་ནུས་སྒྲིག་བཀོད་ཀྱི་བདེ་འཇགས་བློས་འགེལ་ཆོག་པའི་ནུས་ཁུངས་མཁོ་སྤྲོད་འགན་ལེན་དང་། རྩིས་ནུས་སྒྲིག་བཀོད་ཀྱི་འབྱུང་འཕྲོད་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ།རྩིས་ཤུགས་གློག་ཤུགས་ནུས་ཆེའི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དེ་བཞིན་ནུས་ཁུངས་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་ཀྱི་རིན་ཐང་མཐོ་བའི་བཀོལ་སྤྱོད་རྣམ་པ་སྒོ་དབྱེ་བ།ནུས་ཁུངས་ཁྱབ་ཁོངས་ཀྱི་གྲངས་གཞིའི་རིན་ཐང་སྔོག་འདོན་བྱེད་པ།ནུས་ཁུངས་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་དཔེ་དབྱིབས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་གཙོ་གནད་ལས་འགན་29བཀོད་སྒྲིག་བྱས་ནས་ནུས་ཁུངས་དང་། རྩིས་ཤུགས། རྣམ་པ། གྲངས་གཞི། དཔེ་དབྱིབས་སོགས་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ཁག་ནུས་པ་ཆེ་བའི་མཐུན་སྦྱོར་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱ་རྒྱུ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-05-10 6 6 拉萨日报藏文 c221088.html 1 སྡེ་ཚན་བཞིས་ཡིག་ཆ་བཀྲམ་ནས་མི་ཐབས་རིག་ནུས་དང་ནུས་ཁུངས་ཕྱོགས་གཉིས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་བ། /enpproperty-->