ཟླ་5ཚེས་8ཉིན་ནི་འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ་79པ་ཡིན་ཞིང་། ས་གནས་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་མྱུར་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་བ་རེད། པར་①ནི་ཟླ་5ཚེས་8ཉིན་ཧུའུ་ནན་ཞིང་ཆེན་ཧེང་དབྱང་གྲོང་ཁྱེར་ཀྲེང་ཤང་ཆུས་ཚོད་ལྟའི་སློབ་ཆུང་དུ་ནན་ཧྭ་སློབ་ཆེན་ཧེང་དབྱང་གསོ་རིག་སློབ་གླིང་གི་གཞོན་ནུ་དང་བླངས་པས་སློབ་ཆུང་སློབ་མར་གློ་སྙིང་སླར་གསོའི་མྱུར་སྐྱོབ་ཀྱི་ཤེས་བྱ་མཛུབ་ཁྲིད་བྱེད་བཞིན་པའི་གནས་ཚུལ་ཡིན། པར་②ནི་ཟླ་5ཚེས་8ཉིན་ཅང་སུའུ་ཞིང་ཆེན་ཤིན་ཧྭ་གྲོང་ཁྱེར་ཁྲེན་པའོ་གྲོང་རྡལ་དུ་གནས་པའི་ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ལས་གྲྭ་ཅུས་ཡན་དབྱི་ལྕགས་ལམ་རྣམ་གྲངས་པུའི་ལས་ཡུལ་དུ་བཟོ་པས་ཤིན་ཧྭ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་པའི་མཛུབ་ཁྲིད་འོག་རྨ་རས་དཀྲིས་ནས་མྱུར་སྐྱོབ་བྱེད་པའི་རྩལ་ནུས་སྦྱོང་བརྡར་བྱེད་བཞིན་པའི་གནས་ཚུལ་ཡིན།(ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ) (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)