ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་5ཚེས་17ཉིན་2026ལོའི་ལྷ་སའི་རིག་གནས་ཡུལ་སྐོར་དུས་ཆེན་དངོས་སུ་འགོ་ཚུགས་རྒྱུ་ཡིན་པ་རེད། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཆུ་ཤུར་རྫོང་གིས་ཟླ་5ཚེས་20ཉིན་ལྷ་ལྡན་ཞིང་གི་སྐྱེད་ཚལ། སྐྱིད་སྣང་ལྡན་པའི་ཆུ་ཤུར་ཞེས་པའི་གཙོ་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། མིག་སྔར། ཆུ་ཤུར་རྫོང་གིས་བྱེད་སྒོ་སྤེལ་ཡུལ་ཁག་སྔ་སྣུར་དུ་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། ལྔ་གཅིག་གུང་གསེང་རིང་གི་ཡུལ་སྐོར་ཞབས་ཞུའི་འགན་ལེན་གྱི་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་པ། ཡུལ་ཁོངས་ཧྲིལ་པོར་ཁོར་ཡུག་བཅོས་སྒྲིག་དང་། བྱེད་སྒོ་སྤེལ་ཡུལ་བཀོད་སྒྲིག བྱེད་སྒོའི་ཇུས་འགོད། ཞབས་ཞུའི་སྤུས་ཚད་མཐོར་གཏོང་། བདེ་འཇགས་ལས་རེས་སོགས་དུས་འགོའི་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ། བྱ་ཐབས་ནན་པོར་བརྟེན་ནས་ལྷ་སའི་རིག་གནས་ཡུལ་སྐོར་དང་འབྲེལ་བའི་ཆུ་ཤུར་གྱི་བྱེད་སྒོ་རབ་དང་རིམ་པ་བདེ་བླག་ངང་སྤེལ་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།
འདས་མ་ཐག་པའི་ལྔ་གཅིག་གུང་གསེང་རིང་། ཆུ་ཤུར་རྫོང་གི་རིག་གནས་ཡུལ་སྐོར་ཁྲོམ་རའི་ཚ་རླབས་རྒྱུན་ཆད་མེད་པར་འཕྱུར་ཞིང་། རིམ་རྩིས་བྱས་པ་ལྟར་ན། རྫོང་ཡོངས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི་5.07ལ་སྣེ་ལེན་ཞུས་ཤིང་། གྲོང་གསེབ་ཀྱི་ཡུལ་མིའི་དམངས་སྲོལ་ཡུལ་སྐོར་དང་། འབྱུང་ཁམས་སྤྲོ་གསེང་ཡུལ་སྐོར། ཕ་མ་བུ་ཕྲུག་གི་ཉམས་ལེན་ཡུལ་སྐོར་བཅས་ལ་རྒྱ་ཆེའི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འཇུན་པ་ཉ་གྲོང་ནི་གྲོང་ཁྱེར་ཡོངས་སུ་ཀུན་གྱིས་དོ་སྣང་བྱེད་པའི་རིག་གནས་ཡུལ་སྐོར་གྱི་འགྲོ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ནས་ཡུལ་སྐོར་བར་སྣེ་ལེན་དང་། ཞབས་ཞུ་འགན་ལེན། འཕྲལ་སྡོམ་བཀོད་སྒྲིག་སོགས་ཀྱི་ཐད་བྱང་ཆུབ་ལ་སྤྱོད་གོ་ཆོད་པའི་ལག་ལེན་གྱི་ཉམས་མྱོང་བསགས་ནས་ཐེངས་འདིའི་ལྷ་སའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཆུ་ཤུར་གྱི་ལེ་ལག་ཚང་བའི་བྱེད་སྒོའི་ནུས་ཆེའི་གྲ་སྒྲིག་དང་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社