ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞི་རིམ་གྱི་རྒན་གསོའི་ཞབས་ཞུའི་ཞན་ཆ་གསབ་ནས་གྲོང་གསེབ་གྱི་རྒན་རྒོན་མང་ཚོཊ་ལ་སྟབས་བདེ་དང་། སྐྱིད་སྣང་དོད་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱ་ཆེད། ཉེ་ཆར་སྟག་རྩེ་ཆུས་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོའི་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་དངོས་སུ་སྤྱོད་འགོ་ཚུཊ་ཤིང་། དེའི་ཐོག་ནས་གྲོང་ཚོ་དེ་གའི་རྒན་རྒོན་ཚོས་སྒོ་རྩ་ནས་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པའི་ཕུགས་འདུན་མངོན་འགྱུར་བྱུང་བ་མཚོན་ཡོད།
སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་ཡུལ་དུ་དྲོ་སྐྱིད་ལྡན་པ་དང་བཀྲ་ཤིས་པ་སོགས་ཀྱི་རྣམ་པས་ཁེངས་ཡོད། བདེ་སྐྱིད་ཁང་དེའི་འབྲེལ་ཡོད་འགན་འཁུར་བས་དེ་གར་ཡོད་པའི་རྒན་རྒོན་ཚོར་བདེ་སྐྱིད་ཁང་བསྐྲུན་པའི་ཐོག་མའི་བསམ་འདུན་དང་། ཞབས་ཞུའི་ནང་དོན། འཁོར་སྐྱོད་བྱེད་སྟངས་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། སེམས་རྩ་འཁོལ་བའི་ངང་ཚང་མ་ངལ་གསོ་དང་སྤྲོ་གསེང་རོལ་བར་གདན་དྲངས་པ་སོགས་བྱས་ནས་གྲོང་གསེབ་ཀྱི་རྒན་གསོའི་འཐབ་ས་དངོས་འབྲེལ་འཁྲུག་ཆ་དོད་དུ་བཏང་བ་དང་། གསོན་ཤུགས་འཕེལ་བ། དྲོ་སྐྱིད་ལྡན་པ་བཅས་ཡོང་བར་བྱས་ཏེ་ཉིན་མོའི་ལྟ་རྟོག་དང་། སྤྲོ་གསེང་རིག་གནས་རོལ་རྩེད། བདེ་ཐང་གཅེས་སྐྱོང་སོགས་ཀྱི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཡོད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社