ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་ལྷ་ཀླུ་སྡེ་ཁུལ་དུ་འདི་ལོ་ལོ་50ལ་སླེབས་པའི་གྲོང་མི་ཕུར་བུ་སྒྲོལ་མས་སྡེ་ཁུལ་གྱི་འགྱུར་ལྡོག་ལ་དཔང་པོ་བྱས་ཤིང་།ཁོང་གིས་ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་པ་དང་གྲོལ་བའི་ལམ་བར་གྱི་བདེ་འཇགས་ལ་འགན་ལེན་བརྟན་པོ་ཡོད་པས་ང་ཚོ་བློ་བདེ་པོ་འདུག་ཅེས་བཤད།དེ་སྔ་རླངས་འཁོར་འཇོག་ས་དཀོན་པ་དང་།སྲང་ལམ་འགག་པ།མེ་ཟོན་ལམ་ཧམ་བཟུང་བྱེད་པ་སོགས་ཀྱི་གནད་དོན་གྱིས་དུས་ཡུན་རིང་པོའི་ནང་ལྷ་ཀླུ་སྡེ་ཁུལ་གྱི་གྲོང་མིར་དཀའ་ངལ་བཟོས་ཡོད།ད་ཆ་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱས་པ་བརྒྱུད།ཡུག་ཁུལ་རྙིང་པ་དེས་འདྲ་བཟོ་དང་ཁྱབ་གདལ་དུ་གཏོང་ཆོག་པའི་རླངས་འཁོར་འཇོག་ས་བཅོས་སྒྲིག་གི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་ཐུབ་ཡོད།
ལྷ་ཀླུ་སྡེ་ཁུལ་གྱི་ཚོགས་ཆུང་གསུམ་པར་རང་བསྐྲུན་ཁང་པ་རྙིང་པ་ཡུག་གཅིག་ཏུ་འབྲེལ་ཡོད་པ་དག་སློབ་གྲྭ་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ལྟེ་བའི་ཚོང་ལས་ཁུལ་དང་ཐག་ཉེ་པོ་ཡོད།སྔོན་གྱི་འཆར་འགོད་ཀྱི་ཞན་ཆ་དང་།སྒེར་གྱི་རླངས་འཁོར་མང་དུ་ཕྱིན་པ།ཡུལ་མིའི་མགྲོན་ཁང་དར་རྒྱས་བྱུང་བ་བཅས་ལས་ཕྱི་ནས་ཡོང་བའི་རླངས་འཁོར་མང་དུ་ཕྱིན་པའི་ཁར།ཉེ་འཁོར་གྱི་སློབ་གྲྭར་སྔ་དགོང་གཉིས་ཀར་རླངས་འཁོར་མང་བའི་གནད་དོན་ཐོན་ནས་རླངས་འཁོར་འཇོག་པའི་ཟང་ཟིང་གི་སྣང་ཚུལ་དེ་ཁོངས་གཏོཊ་ཁུལ་གྱི་དཀའ་གནད་ཅིག་ཏུ་གྱུར་ཡོད།དེ་སྔར་གཅིག་སྡུད་བཅོས་སྒྲིག་མང་ཆེ་བ་རླངས་འཁོར་གཙང་སེལ་དང་བཤིག་རྒྱུ་གཙོ་བོར་བྱེད་པ་དང་།ཕུགས་ཕན་གཅུན་འདོམས་ལམ་སྲོལ་མི་འདང་བས།བཅོས་སྒྲིག་དང་།བསྐྱར་ལོག བསྐྱར་བཅོས་ཀྱི་གཞན་དབང་འཁོར་རྒྱུག་གི་གནས་སུ་གྱར་ཡོད།
བཅོས་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད།སྡེ་ཁུལ་གྱིས་བཅར་འདྲི་དང་བརྟག་ཞིབ་གཏིང་ཟབ་བྱས་ནས་རླངས་འཁོར་འཇོག་ས་དཀོན་པ་དང་།འདུ་ཤེས་ཀྱི་ཞན་ཆ།ལམ་སྲོལ་གྱི་ཞན་ཆ་བཅས་ལྟེ་བའི་གནད་དོན་ཆེན་པོ་གསུམ་གསེད་བཀྲོལ་བྱས་ཏེ།འགག་གཤོང་ཟུང་འབྲེལ་དང་།སློབ་གསོ་ཁྲིད་སྟོན།ཁྲིམས་ལྟར་དོ་དམ།རྒྱུན་རྣམ་དང་ཕུགས་ཕན་བཅས་བཅོས་སྐྱོང་གི་ཚད་གཞི་ཆེན་པོ་བཞི་གཏན་འཁེལ་བྱས་པ་རེད།ལྷ་ཀླུ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཡུང་གིས།བཅོས་སྐྱོང་ཆེན་པོ་བཞིའི་ཚད་གཞི་དེས་གནད་སྨིན་བཅོས་སྐྱོང་གི་འགག་རྩར་དམིགས་ནས་རྗེས་མཐུད་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་བཤད།
བཅོས་སྐྱོང་བྱེད་རིང་།སྡེ་ཁུལ་གྱིས་དྲིལ་བསྒྲགས་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། གྲོང་མི་དུད་ཚང་180ཡི་ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་གནད་སྨིན་དྲིལ་བསྒྲགས་བྱས་པ་དང་། ཆེད་མི་བཀོད་སྒྲིག་བྱས་ཏེ་དུད་ཚང་རེ་རེ་བཞིན་བསྐྱོད་དེ་རྒན་རྒོན་ཚོགས་སྤྱིར་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་།ཁང་བདག་དང་འབྲེལ་བ་བྱས་ཏེ་བོགས་གཏོང་དུད་ཚང་ལ་བཅོས་སྒྲིག་བརྡ་ཐོ་བརྒྱུད་བསྒྲགས་བྱས་ནས་སྲིད་ཇུས་སེམས་སུ་འཇགས་ཐུབ་པའི་འགན་ལེན་བྱས་ཡོད།
སྡེ་ཁུལ་གྱིས་ལས་དོན་པ་དང་།དྲ་མིག་པ།དུད་དཔོན་བཅས་ལས་གྲུབ་པའི་རླངས་འཁོར་འཇོག་ས་བཅོས་སྒྲིག་གི་ཆེད་དོན་ཞབས་ཞུའི་རུ་ཁག་བཙུགས་ནས་ཉིན་ལྟར་ཁྱོན་ཡོངས་ལ་ཁྱབ་པའི་སྐོར་ཞིབ་ལམ་སྲོལ་བཙུགས་ཡོད།བཅོས་སྒྲིག་བྱེད་སྐབས་སྟབས་བསྟུན་ཁྲིམས་འཛིན་དང་སློབ་གསོ་སྔོན་ལ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་འགལ་ངང་རླངས་འཁོར་འཇོག་མཁན་ལ་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱས་ཏེ།རླངས་འཁོར་འཇོག་ས་མེད་པའི་རླངས་འཁོར་འཇོག་མཁན་ལ་གནས་སྐབས་ཀྱི་རླངས་འཁོར་འཇོག་སར་རླངས་འཁོར་འཇོག་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཡོད།དོ་བདག་གནས་འདིར་མེད་པའི་སྒྲིག་འགལ་རླངས་འཁོར་ལ་སྡེ་ཁུལ་གྱིས་ཤ་ཚའི་དྲན་སྐུལ་ཡི་གེ་སྦྱར་ནས་སྤྱི་བསྒྲགས་ཉིན་3བྱས་པ་དང་།དུས་ཚོད་ཡོལ་ཡང་ངོས་འཛིན་རྩིས་ལེན་བྱེད་མཁན་མེད་ཚེ།འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་དང་མཉམ་འགུལ་གྱིས་སྤོ་སྒྱུར་བྱས་ནས་དུས་གཅིག་ཏུ་ངོས་འཛིན་རྩིས་ལེན་གྱི་བརྡ་ཐོ་གཏོང་གི་ཡོད།ད་ཐེངས་ཀྱི་བཅོས་སྒྲིག་དེ་སྒྲིག་འགལ་རླངས་འཁོར་1000ལྷག་ཙམ་དང་འབྲེལ་བ་ཡོད་པའི་ནང་བརྒྱ་ཆ་50ཡི་རླངས་འཁོར་བདག་པོས་རང་འགུལ་ངང་གནས་སྤོས་ནས་བཅོས་སྒྲིག་བྱས་པས།བཅོས་སྒྲིག་གི་ལས་ཕྱོད་དང་མང་ཚོཊ་བློ་ཡིད་ཚིམ་ཚད་གཉིས་ཀ་མཐོ་རུ་ཕྱིན་ཡོད།
མཁོ་སྤྲོད་ལེགས་སུ་གཏོང་བའི་ཐད།སྡེ་ཁུལ་གྱིས་འགྲིམ་འགྲུལ་ཉེན་རྟོག་པ་དང་གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་དང་མཉམ་འགུལ་ཧུར་ཐག་བྱས་ཏེ།བེད་མེད་ས་སྟོང་དུ་གནས་སྐབས་རླངས་འཁོར་འཇོག་ས་ལུགས་མཐུན་ངང་མང་དུ་བཏང་བ་དང་། སྲང་ལམ་གྱི་སྐྱོད་ཕྱོགས་གཞིར་བཟུང་ཚན་རིག་དང་མཐུན་པའི་ངང་ཕྱོགས་རྐྱང་པར་བསྐྱོད་པའི་ལམ་བུ་བཀོད་སྒྲིག་བྱས་ཡོད།2024ལོའི་ལོ་འགོར་སྡེ་ཁུལ་གྱིས་རང་འགུལ་ངང་ཞོལ་སྡེ་ཁུལ་གྲོང་ལྷན་དང་མཐུན་སྦྱོར་བྱས་ཏེ།བདེ་སྐྱིད་ཡན་ལག་ལམ་བུར་ཕྱོགས་རྐྱང་པར་བསྐྱོད་པའི་ལམ་བུ་བཀོད་སྒྲིག་བྱས་པར་མ་ཟད།ཕྱི་ནས་ཡོང་བའི་རླངས་འཁོར་ལ་དོ་དམ་ཚོད་འཛིན་བྱས་ནས།ཁོངས་གཏོགས་ཁུལ་གྱི་གྲོང་མིའི་རླངས་འཁོར་འཇོག་པའི་དགོས་མཁོ་སྔོན་ལ་འགན་ལེན་བྱས་ཡོད།ད་ཆ།ཁོངས་གཏོགས་ཁུལ་གྱི་སྲང་ལམ་ཡངས་ཤིང་རྒྱ་ཆེ་བས་སྔ་དགོང་གི་འགྲུལ་བཞུད་བྱེད་ཚད་དེ་སྔ་ལས་ལྡབ་འཕར་ཡོད།
ཕན་འབྲས་སྲ་བརྟན་དུ་གཏོང་ཆེད།སྡེ་ཁུལ་གྱིས་དྲ་མིག་ལས་དོན་པས་སྐོར་ཞིབ་འགན་གཙང་ལེན་པ་དང་།སྡེ་ཚན་གྱིས་མཉམ་འགུལ་ཁྲིམས་འཛིན་བྱེད་པ།གྲོང་མིས་ལྟ་སྐུལ་ཐེར་འདོན་བྱེད་པ།རླངས་འཁོར་འཇོག་ས་སྟབས་བསྟུན་ལེགས་སྒྲིག་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཆེན་པོ་བཞི་བཙུཊ་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་བཅོས་སྒྲིག་གི་ཕྱིར་མིག་ལྟ་བའི་ལས་དོན་སྤེལ་བས།གདུབ་ཟུམ་གྱི་དོ་དམ་ཆགས་ཡོད།དེ་དང་ཆབས་ཅིག་ཏུ་སྡེ་ཁུལ་གྱིས་འཚང་གཡོལ་མཉམ་སྤྱོད་ཀྱི་རླངས་འཁོར་འཇོག་གནས་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཁོངས་གཏོགས་ཁུལ་དུ་བེད་མེད་དུ་བཞག་པའི་གྲོང་མི་དང་ཚོང་དུད་ལ་མཉམ་སྤྱོད་ལས་སྟེགས་བསྐྲུན་ནས་གསོག་འཇོག་ཐོན་ཁུངས་སྔར་བས་གང་འགབ་ཅི་སྤྱོད་བྱ་རྩིས་ཡོད།
སྡེ་ཁུལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས་ལྷ་ཀླུ་སྡེ་ཁུལ་ཚོགས་ཆུང་གསུམ་པའི་གྲོང་མི་ཟླ་བས་འཛུམ་དམུལ་དམུལ་ངང་ད་ཆ་འགྲོ་ལམ་ཧ་ཅང་གཙང་ཞིང་གྲལ་འགྲིག་པོ་ཡོད་པས།ཞོགས་པ་དང་དགོང་མོའི་ཕྱིར་སྐྱོད་མང་བའི་དུས་ཚོད་ལས་གཡོལ་ཆེད་ཆུ་ཚོད་ཕྱེད་ཀ་སྔ་སྣུར་དུ་སྐྱོད་དགོས་ཀྱི་མེད་ཅེས་བཤད།ལྷ་ཀླུ་སྡེ་ཁུལ་གྱི་ལག་ལེན་ལས་མངོན་པར།མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འགག་གཤོང་ཟུང་འབྲེལ་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་དང་མང་ཚོགས་དང་མཉམ་དུ་བཅོས་སྐྱོང་བྱེད་པ་བཅས་ཀྱིས་སྡེ་ཁུལ་རྙིང་པའི་རླངས་འཁོར་འཇོག་དཀའ་བའི་གནད་དོན་སེལ་བའི་ཐབས་ལམ་རྙེད་ཡོད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社