分享按钮

གྲོང་ཁྱེར་ཡོངས་ཀྱི་རྡོ་སོལ་མིན་པའི་གཏེར་རིའི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྡོ་སོལ་མིན་པའི་གཏེར་རིའི་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཁོངས་གཏོགས་ཁུལ་དང་དེ་བཞིན་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་འགན་འཁྲི་ནན་དུ་གཏོང་ཆེད། ཟླ་3ཚེས་30ཉིན།གྲོང་ཁྱེར་ཡོངས་ཀྱི་རྡོ་སོལ་མིན་པའི་གཏེར་རིའི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་ཚོགས་འདུ་འཚོགས་ནས་འདས་ཟིན་པའི་ལོ་གཅིག་རིང་གི་གྲོང་ཁྱེར་ཡོངས་ཀྱི་གཏེར་རིའི་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་ཕྱོགས་བསྡོམས་དང་ཕྱིར་དྲན་བྱས་ཏེ། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རྒྱུན་ལས་གྲོང་སྤྱི་གཞོན་པ། རིམ་པ་དང་པོའི་སྐོར་གཟིགས་པ་བཅས་ཡིན་པའི་དགྲ་འདུལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་གཏེར་རིའི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྷུན་གྲུབ་རྫོང་དང་ཅུས་ལུང་ཟངས་ལས་ཀྱི་འབྲེལ་ཡོད་འགན་འཁུར་བས་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་དམིགས་ནས་གཏམ་བཤད་སྤེལ་རེས་བྱས་ཡོད།

དགྲ་འདུལ་གྱིས་བླང་བྱ་བཏོན་དོན། བདེ་འཇགས་ལ་དམ་འཛིན་ནན་པོ་བྱེད་པ་དང་། བདེ་འཇགས་ལ་འགན་ལེན་ཏན་ཏན་ཏིག་ཏིག་བྱེད་པ། ལམ་ལུགས་ཀྱི་རྩེ་རིམ་ཇུས་འགོད་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་དང་ལེགས་སུ་གཏོང་བ། བདེ་འཇགས་འཁོར་སྐྱོད་དེ་བས་བདེ་བླག་ཡོང་རྒྱུར་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་ཐད་གནད་སྨིན་ངང་ཤུགས་འདོན་བཅས་བྱས་ཏེ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ་དང་། ལྟ་སྐུལ་དོ་དམ་དང་འགན་ལེན་གྱི་ནུས་པ་མི་འདང་བ། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་དང་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཉེན་ཁ་མང་བ་སོགས་གཏེར་རིའི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་ཛ་དྲག་པོར་གསལ་རྟོགས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་འགན་འཁྲི་ནན་དུ་གཏོང་དགོས། དམིགས་ཚད་བཟོས་ནས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། མི་སྣ་ཡོངས་ཀྱི་འགན་འཁྲི་ནན་དུ་གཏོང་བ། མངོན་མེད་རྐྱེན་ངན་བཅོས་སྒྲིག་གཏིང་ཟབ་བྱེད་པ། གནོད་འཚེ་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་སྒྲིག་འགལ་ལ་རྡུང་རྡེག་ནན་པོ་གཏོང་བ། ཚན་རྩལ་ལ་བརྟེན་ནས་བདེ་འཇགས་གཏོད་རྒྱུར་སྐུལ་འདེད་གཏོང་བ། ཉེན་ཁ་ཆེ་བའི་ལས་སྒྲུབ་ལ་ཚོད་འཛིན་ནན་པོ་བྱེད་པ། ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ། གཏེར་རིའི་བདེ་འཇགས་ལ་བློ་སེམས་གཅིག་མཐུན་ངང་སྲུང་སྐྱོང་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་རྡོ་སོལ་མིན་པའི་གཏེར་རིའི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་ངང་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་བདེ་འཇགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།

རྗེས་མཐུད་དུ་ལྷ་ས་གྲོང་ཁྱེར་གྱིས་དུས་ཡུན་ཉིན་གསུམ་གྱི་རྡོ་སོལ་མིན་པའི་གཏེར་རིའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གསོ་སྦྱོང་གི་སློབ་ཚན་དང་པོ་འཚོགས་ནས་གཏེར་རིའི་ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་རྒྱུ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-04-01 6 6 拉萨日报藏文 c219257.html 1 གྲོང་ཁྱེར་ཡོངས་ཀྱི་རྡོ་སོལ་མིན་པའི་གཏེར་རིའི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་ཚོགས་འདུ་འཚོགས་པ། /enpproperty-->