分享按钮

བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་བསྟར་བྱས་ནས་དམངས་ཀྱི་སེམས་ཁྲལ་བསལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བར་སྐོར་ཁྲོམ་གཞུང་གི་བསྟན་རྒྱས་གླིང་སྡེ་ཁུལ་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དག་མང་ཚོགས་ཀྱི་སེམས་ནང་དྲོ་སྐྱིད་སྦྱིན་པའི་བྱ་བ་དངོས་སུ་གྱུར་ཡོད། སྡེ་ཁུལ་ཏང་ཀྲི་པུའུ་ཡིས་མི་ཧྲེང་རྒན་རྒོན་དང་དཀའ་ངལ་ཡོད་པའི་མང་ཚོཊ་སོགས་དམིགས་བསལ་ཚོགས་སྤྱིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས། སྙིང་ཉེ་བའི་སྒོ་ནས་ལྟ་རྟོག་དང་དྲོ་སྐྱིད་ལྡན་པའི་ངང་རོགས་སྐྱོར་བྱས་པས། གྲོང་མིའི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཟབ་ཏུ་ཕྱིན་པར་མ་ཟད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དེ་དམངས་ལ་ཞབས་འདེཊ་ཞུ་བའི་ལག་ལེན་ཁྲོད་གཞི་ཚུཊ་ཡོད།

ཉེ་ཆར། ཁོངས་གཏོགས་ཁུལ་གྱི་ཁེར་སྡོད་རྒན་རྒོན་ཟླ་བ་བཀྲ་ཤིས་སྟབས་མ་ལེགས་པར་ས་ལ་འགྱེལ་ནས་རྨས་སྐྱོན་ཕོག་སྟེ་ན་ཟུག་བཟོད་ཐབས་བྲལ་བའི་ཁར།འགྲོ་སྐྱོད་ཀྱང་ཧ་ཅང་སྟབས་མི་བདེ་བར་གྱུར་ནས་རྒན་རྒོན་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད། སྡེ་ཁུལ་གྱི་ཏང་ཡོན་དང་བླངས་པས་གནས་ཚུལ་དེ་ཤེས་རྗེས་འཕྲལ་མར་སྨན་རྩིས་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་རྒན་རྒོན་གྱི་ནད་གཞིར་བརྟག་དཔྱད་བྱས་པ་དང་འབྲེལ་རྒན་རྒོན་ལ་ཆེད་གཏོགས་བོད་སྨན་ཡང་སྤྲད་པ་རེད། དེའི་རྗེས་ཀྱི་འཚོ་བའི་ནང་ཏང་ཡོན་ཚོ་རེས་མོས་ངང་སྒོ་རྩར་བསྐྱོད་དེ་རྒན་རྒོན་གྱི་རྐང་པར་སྨན་བྱུགས་ཏེ། རྒན་རྒོན་སྔ་ཙམ་ནས་དྲག་སྐྱེད་ཡོང་རྒྱུར་རོགས་རམ་བྱས་ཡོད། མངགས་བཅོལ་རེ་རེ་དང་ལྟ་རྟོག་རེ་རེས་ཟླ་བ་བཀྲ་ཤིས་ལ་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་པར་མ་ཟད། ཁེར་སྡོད་རྒན་རྒོན་ཡིན་པའི་ཁོང་ལ་སྡེ་ཁུལ་གྱི་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཀྱང་དངོས་འབྲེལ་ཚོར་དུ་བཅུག་ཡོད།

བགྲེས་སོང་ཟླ་བ་བཀྲ་ཤིས་ཀྱིས། སྡེ་ཁུལ་གྱི་ཏང་ཡོན་ཉེ་འགྲམ་དུ་ཡོད་པ་ནི་རང་ཉིད་ཀྱི་བུ་ཕྲུག་གམ་དུ་ཡོད་པ་དང་འདྲ་བར་ངའི་སེམས་པ་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་ཚེ་རིང་གིས། རྗེས་མར། སྡེ་ཁུལ་ཏང་ཀྲི་པུས་མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་། གླེང་མང་བ། དཀའ་གནད་བཅས་ཀྱི་གནད་དོན་ལ་དམིགས་ནས། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། བྱ་ཐབས་དེ་བས་ཏན་ཏིག་དང་། ཞབས་ཞུ་དེ་བས་ཞིབ་ཚགས། དྲོ་སྐྱིད་དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་རྒྱུན་རྣམ་ཅན་གྱི་གཅེས་སྐྱོང་རོགས་སྐྱོར་དང་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུ་སོགས་ཀྱི་ལས་དོན་མུ་མཐུད་ནས་སྤེལ་རྒྱུ་དང་། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས་བདེ་སྐྱིད་ལྡན་པའི་སྡེ་ཁུལ་གྱི་རྣམ་པ་དེ་དམངས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་ཚང་མའི་ནང་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-04-01 6 6 拉萨日报藏文 c219255.html 1 བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་བསྟར་བྱས་ནས་དམངས་ཀྱི་སེམས་ཁྲལ་བསལ་བ། /enpproperty-->