(པར་ངོས་དང་པོར་མཐུད)གནས་ཚུལ་ཅི་ཞིག་ཡོད་ཀྱང་ཁོང་གིས་སེམས་ནང་བརྟན་པོར་ངེས་ནས་གནད་དོན་རེ་རེ་བཞིན་སེལ་གྱི་ཡོད།
གྲོང་ཚོའི་འཕེལ་རྒྱས་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པའི་ངོས་ནས་བློ་བཟང་ཆོས་གྲགས་ཀྱིས་གྲོང་མི་ཚོ་སྟབས་བདེའི་གུར་ནས་ཡངས་ཤིང་རྒྱ་ཆེ་བའི་སྡོད་ཁང་གསར་པའི་ནང་སྤོས་པའི་བར་དང་། སློབ་སྦྱོང་བྱེད་ས་མེད་པ་ནས་གྲོང་ཚོར་ཆ་རྐྱེན་ལེགས་པའི་བུ་བཅོལ་ཁང་བསྐྲུན་པའི་བར། འཚོ་བར་དཀའ་ངལ་ཡོད་པ་ནས་ལྟོ་གོས་ལ་སེམས་ཁྲལ་མེད་པའི་བར་བཅས་དངོས་སུ་མིག་མཐོང་ལག་ཟིན་བྱུང་ཡོད། བློ་བཟང་ཆོས་གྲགས་ཀྱིས་གུང་ཁྲན་ཏང་སླེབས་རྗེས་མི་སྒེར་གྱི་འཚོ་བ་དང་ཕ་ཡུལ་གྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ད་ཆ་གྲོང་གསེབ་དང་། གྲོང་ཁྱེར། འབྲོག་ཁུལ་བཅས་གང་ཞིག་ཡིན་རུང་ཚང་མར་འབྱོར་ཕྱུག་དང་བརྟན་ལྷིང་གི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད་ཅེས་བཤད།
ཆུ་ཚན་གྲོང་ཚོའི་འཕོ་འགྱུར་གསར་པ་ནི་ཏང་ཡོན་རྒན་གྲས་འདིས་མི་ཚེ་ཕྱེད་ཀར་མིག་མཐོང་ལག་ཟིན་ཐུབ་པའི་དུས་རབས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་ཡིན་ལ། དུས་རབས་གསར་པའི་གངས་ལྗོངས་ས་མཐོའི་གྲོང་གསེབ་དེ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམངས་ཕན་སྲིད་ཇུས་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་ཕྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་ཡིན།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社