分享按钮

ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས།

རི་ཀླུང་ཀུན་ཏུ་མཛེས་ཉམས་བསྣན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་མདོག་སྔར་བས་བཀྲག་མདངས་འཚེར་བར་བྱེད་དགོས་ཞེས་ནན་གསུངས་གནང་བ།

ཟླ་3ཚེས་30ཉིན།ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི།ཝང་ཧུའུ་ཉིང་། ཚའེ་ཆི།ཏིང་ཤུའེ་ཞང་། ལི་ཞི་སོགས་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་པའེ་ཧྲན་གྲོང་རྡལ་དུ་ཕེབས་ནས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཤིང་།པར་འདི་ནི་ཞི་ཅིན་ཕིང་གིས་ཚང་མ་དང་མཉམ་དུ་ཤིང་འཛུགས་བྱེད་བཞིན་པའི་རྣམ་པ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་30ཉིན་གྱི་སྔ་དྲོ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། སྐྱེ་ཁམས་ཁོར་ཡུག་བཟང་པོ་མི་ཚང་མས་མཉམ་སྤྱོད་བྱེད་ཐུབ་ལ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་སྐྲུན་ཡང་བྱེད་དགོས། སྤྱི་ཚོགས་ཡོངས་ཤིང་འཛུགས་ནགས་བཟོའི་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། རི་ཀླུང་ཀུན་ཏུ་མཛེས་ཉམས་བསྣན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་མདོག་སྔར་བས་བཀྲག་མདངས་འཚེར་བར་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

རྒྱལ་ས་པེ་ཅིང་དུ་དཔྱིད་རླུང་དྲོ་ཞིང་འཇམ་ལ་སྐྱེ་དངོས་ཐམས་ཅད་སྐྱེ་འཚར་ཡོང་བཞིན་ཡོད། སྔ་དྲོའི་ཆུ་ཚོད་10དང་སྐར་མ་40ཙམ་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ལྷན་དུ་རླངས་འཁོར་ལ་བཞུགས་ཏེ་ཁྲང་ཕིང་ཆུས་པའེ་ཧྲན་གྲོང་རྡལ་དུ་ཕེབས་ནས། ལས་བྱེད་མང་ཚོགས་དང་ལྷན་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད།

ཤིང་འཛུགས་ཡུལ་ནི་འཆར་འགོད་སྤྱི་གླིང་ཁུལ་དུ་ཡིན་ཞིང་། སྤྱི་གླིང་བསྐྲུན་གྲུབ་རྗེས་མང་ཚོཊ་ལ་སྐྱེ་ཁམས་སྤྲོ་གསེང་ཁུལ་གསར་པ་ཞིག་མཁོ་འདོན་ཐུབ་རྒྱུ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ཤིང་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཚོས་འཚང་ཁ་ཤིག་ཤིག་ངང་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་མཚོན་པར་གནང་ཞིང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-04-01 ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཞུགས་པ། རི་ཀླུང་ཀུན་ཏུ་མཛེས་ཉམས་བསྣན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་མདོག་སྔར་བས་བཀྲག་མདངས་འཚེར་བར་བྱེད་དགོས་ཞེས་ནན་གསུངས་གནང་བ། 6 6 拉萨日报藏文 c219253.html 1 ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། /enpproperty-->