ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ།ཟླ་3ཚེས་30ཉིན།ཞི་ཅིན་ཕིང་གིས་འཛམ་གླིང་གྲངས་གཞིའི་རྩ་འཛུཊ་དབུ་བརྙེས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་རིག་ནུས་དུས་རབས་སུ་མགྱོགས་མྱུར་ངང་སྐྱོད་བཞིན་ཡོད་པ་དང་།གྲངས་གཞིའི་རྨང་གཞིའི་ཐོན་ཁུངས་ཀྱི་ནུས་པ་དང་གསར་གཏོད་ཀྱི་སྒུལ་ཤུགས་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།འཛམ་གླིང་གྲངས་གཞིའི་རྩ་འཛུགས་ཀྱིས་གྲངས་གཞིའི་ཁྱད་པར་སེལ་བ་དང་།གྲངས་གཞིའི་རིན་ཐང་མངོན་པ།གྲངས་གཞིའི་དཔལ་འབྱོར་དར་རྒྱས་གཏོང་བ་བཅས་དམིགས་ཡུལ་དུ་བྱས་ཏེ།གྲངས་གཞིའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་གོ་ལ་ཧྲིལ་པོའི་གྲངས་གཞིའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཕན་ཡོད་ཀྱི་ལས་སྟེགས་མཁོ་འདོན་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན།ཀྲུང་གོས་མཉམ་གྲོས་དང་།མཉམ་སྐྲུན།མཉམ་སྤྱོད་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གྲངས་གཞིའི་རྩ་འཛུཊ་ཀྱིས་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་།ཕྱོཊ་ཁག་དང་མཉམ་དུ་གྲངས་གཞི་བཅོས་སྒྲིག་གི་སྒྲིག་སྲོལ་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ།གྲངས་གཞིའི་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ།གྲངས་གཞི་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་དང་ནུས་ཆེའི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ།གོ་ལ་ཧྲིལ་པོའི་གྲངས་གཞིའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་གྲངས་གཞིའི་ཁེ་ཕན་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ལེཊ་པའི་ཕན་བདེ་བསྐྲུན་ངེས་རེད།
ཉིན་དེར་འཛམ་གླིང་གྲངས་གཞིའི་རྩ་འཛུགས་དབུ་བརྙེས་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་།གཙོ་དོན་ནི་གྲངས་གཞིའི་མཉམ་ལས་ལས་སྟེགས་མཉམ་སྐྲུན་བྱས་ནས་གྲངས་གཞིའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་ཅེས་པ་དེ་རེད།རྩ་འཛུགས་དེའི་ཚོགས་མིའི་ནང་གོ་ལ་ཧྲིལ་པོའི་གྲངས་གཞིའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁེ་ལས་དང་།མཐོ་སློབ།
རིག་མཛོད།རྒྱལ་སྤྱིའི་རྩ་འཛུགས།
དངུལ་རྩའི་སྒྲིག་གཞི་སོགས་ཚུད་ཡོད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社