ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་སྤྱིའི་གཞུང་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་སྒྱུར་བཅོས་དང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཤིང་།རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རྣམ་གྲངས་འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཀྱི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་པའི་ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དོ་དམ་ཚད་ལྡན་དུ་གཏོང་བ། བཅོས་སྐྱོང་ནུས་ལྡན་བྱེད་པ། འཕེལ་རྒྱས་ཀྱི་དམིགས་ཚད་སྣ་མང་ལ་སྐུལ་འདེད་གཏོང་བ། འགན་དབང་འདྲ་མཚུངས་དང་། ལམ་སྲོལ་ལེགས་གཏོང་། ལག་རྩལ་ནུས་ལྡན་སོགས་ཀྱི་བྱ་ཐབས་སྣ་མང་སྤྱད་དེ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་མངོན་པའི་ཉེན་ཁ་བཀག་ནས་ལྗོངས་ཡོངས་ཀྱི་འོས་སྐུལ་འོས་དཔོད་སྒྱུར་བཅོས་ལ་ནུས་ཆེ་ཚད་ལྡན་དང་། གཞུང་དྲང་དྲང་བདེན།ལྟ་སྐུལ་དོ་དམ་ནུས་ལྡན་བཅས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་ཧུར་ཐག་བྱེད་དགོས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་འབྱུང་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོར་སྲུང་བ་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིགས་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ལན་སྤྲོད་བྱས་པའི་གནད་དོན་བཅོས་སྒྲིག་དོན་འཁྱོལ་ནན་པོ་དང་མགྱོགས་མྱུར་བྱེད་པ། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་བཅས་བྱེད་དགོས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་རིག་གནས་ཡུལ་སྐོར་དུས་ཆེན་གྲ་སྒྲིག་ཡག་པོ་བྱས་ཏེ།དེ་སྔའི་ཉམས་མྱོང་དང་བྱ་ཐབས་ལ་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་ཡག་ཐོག་ཡག་བརྩེགས་ངང་བྱེད་སྒོའི་ནང་དོན་གསར་གཏོད་བྱེད་པ་དང་། ཇུས་གཞི་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་བ། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社