分享按钮

བློ་བཟང་ཆོས་གྲགས་ནི་རྩྭ་ཐང་གི་འཕོ་འགྱུར་གསར་པ་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པས་ཏང་གི་དྲོ་སྐྱིད་དང་ཐུགས་ཁུར་བློ་ལ་བརྟན་པོར་ངེས་ཡོད།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདམ་གཞུང་རྫོང་སྙིང་གྲོང་ཤང་ཆུ་ཚན་གྲོང་ཚོར་ཏང་ཡོན་རྒན་གྲས་བློ་བཟང་ཆོས་གྲགས་ཀྱི་སྐོར་གླེང་སྐབས། གྲོང་མི་ཚོས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ས་སྐྱེས་རྡོ་སྐྱེས་ཀྱི་རྩྭ་ཐང་གི་ཕོ་རྒོད་དེས་ལོ་ངོ་ལྔ་བཅུའི་རིང་ཏང་ཡོན་གྱི་འགན་འཁྲི་ལག་ལེན་དུ་བསྟར་བ་དང་། ལོ་ངོ་སུམ་ཅུའི་རིང་གྲོང་ཚོའི་ལས་བྱེད་པའི་འགན་འཁྲི་ཁུར་ཞིང་། ཐོག་མཐའ་བར་གསུམ་དུ་གྲོང་མིའི་བདེ་སྡུག་སེམས་ནང་བཞག་ཡོད། ཁོང་ལ་སྔ་རྗེས་སུ་གྲོང་ཚོ་རིམ་པའི་ཕུལ་བྱུང་གི་ཏང་ཡོན་རྒན་གྲས་དང་ཤང་རིམ་པའི་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གྱི་དཔྱད་འདེམས་ཐེངས་མང་ཐོབ་པ་དང་། ཚེ་ཕྱེད་ཀྱི་བརྟན་སྲུང་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད།

བློ་བཟང་ཆོས་གྲགས་ནི་1972ལོར་ཏང་ནང་ཞུགས་པ་དང་། 1973ལོ་ནས་2002ལོ་བར་གྲོང་ཚོའི་ལས་བྱེད་པ་བྱས། ཁོང་ཆུ་ཚན་གྲོང་ཚོའི་རྩྭ་ཐང་ཚང་མར་བསྐྱོད་དེ་དམངས་ཀྱི་བདེ་སྡུག་རེ་རེ་བཞིན་རྒྱུས་ལོན་བྱས་ནས་ཟིན་བྲིས་སུ་བཏབ་ཡོད། ཁྱིམ་ཚང་སུ་ཞིག་གི་ནོར་ལུག་ལ་ནད་བྱུང་བ་དང་། ཁྱིམ་ཚང་སུ་ཞིག་གི་བུ་ཕྲུག་སློབ་གྲྭར་འགྲོ་བར་དཀའ་ངལ་ཡོད་པ། ཁྱིམ་ཚང་སུ་ཞིག་ཁྱིམ་མཚེས་དང་འགལ་བ་བྱུང་བ་སོགས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-04-01 6 6 拉萨日报藏文 c219249.html 1 བློ་བཟང་ཆོས་གྲགས་ནི་རྩྭ་ཐང་གི་འཕོ་འགྱུར་གསར་པ་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པས་ཏང་གི་དྲོ་སྐྱིད་དང་ཐུགས་ཁུར་བློ་ལ་བརྟན་པོར་ངེས་ཡོད། /enpproperty-->