(པར་ངོས་དང་པོར་མཐུད)དངུལ་ཁང་དང་ཁེ་ལས་ལ་སྒོར་དུང་ཕྱུར་101.6བཏང་བ། སྒོར་དུང་ཕྱུར་1.28ཀྱི་ཆེད་དོན་མ་འཇོག་གིས་འཛད་སྤྱོད་ལ་སྒོར་དུང་ཕྱུར་19.7ཡི་སྐུལ་ཁྲིད་བྱས་ཏེ། ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱས་ཡོད།
འཛད་སྤྱོད་རྣམ་པ་གསར་རྐྱང་དུ་གྱུར་པ་ནས་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་འཕར་བའི་བར། ཁྲེང་ཀོན་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་དོན་ལ་འབབ་ས་དེ་མང་ཚོགས་ལ་ཕན་པ་ཐོབ་པའི་ཐད་བཞག་ཡོད། 2025ལོར། བཟོ་སྐྲུན་1045ཡི་རྣམ་པ་བཅོས་སྒྲིག་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཁུལ་ཆུང་རྙིང་པ་124སྒྱུར་བཀོད་བྱས་པ། གནས་1200ལྷག་ཙམ་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་བྱས་པ། གྲོང་ཁྱེར་གྱི་རྣམ་པ་དང་འཚོ་སྡོད་ལ་འཚམ་ཚད་དུས་གཅིག་ཏུ་མཐོ་རུ་བཏང་ཡོད་པ་དང་། དམངས་འཚོའི་ཁྱབ་ཁོངས་སུ་མ་དངུལ་བཏང་བའི་བསྡུར་ཚད་བརྒྱ་ཆ་80ལས་བརྒལ་བ་དང་། ལས་ཞུགས་ཁ་གསབ་ཐད་སྒོར་དུང་ཕྱུར་1.77བཏང་བ། སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས་25ལ་མ་དངུལ་སྒོར་དུང་ཕྱུར་4.5བཏང་བ། སློབ་གསོ་དང་ལས་ཞུགས་སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་ལན་ཏན་ཏིག་བརྒྱབ་པ། སྐྱེ་ཁམས་སྲུང་སྐྱོང་ལ་ཡང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། ཁྲེང་ཀོན་ཆུས་འདི་ཉིད་རང་སྐྱོང་ལྗོངས་རིམ་པའི་སྙིགས་མེད་གྲོང་ཁྱེར་གྱི་འཛུགས་སྐྲུན་མིང་ཐོའི་ནང་ཚུད་པ་དང་། གྲོང་ཁྱེར་རིམ་པ་ཡན་གྱི་བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུ་4བསྐྲུན་ཟིན་པ། སྐྱེ་ཁམས་བྱ་སྤྱོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་ཐེབས་པ། ས་མཐོའི་སྐྱེ་ཁམས་ཀྱི་རྨང་གཞི་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། སྐྱེ་ཁམས་དང་འཕེལ་རྒྱས་མཉམ་གནས་མཉམ་དར་གྱི་མཛེས་སྡུག་ལྡན་པའི་རྣམ་པ་བཏོད་པ་བཅས་བྱས་པ་རེད།
2026ལོ་ནི་ལོ་ལྔ་ཚན་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན། འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས། ཁྲེང་ཀོན་ཆུས་ཀྱིས་ལྟེ་བའི་གྲོང་ཁུལ་གྱི་འགན་འཁྲི་དང་ལས་འགན་མུ་མཐུད་ནས་མངོན་པར་བྱ་རྒྱུ་ཡིན་པ་སྟེ། འགག་གསུམ་གྲོང་གསུམ་གྱི་འཕེལ་རྒྱས་ཐབས་ལམ་གཏན་འཁེལ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་སྣེ་ཁྲིད་པ་དང་། གཞོགས་གཉིས་མཉམ་སྒྲུབ། ཡུག་ཁུལ་དྲུག་མཉམ་འགུལ་བཅས་ཀྱི་རྣམ་པ་གཏོད་རྒྱུ་ཡིན་པ་དང་། ཁུལ་ལྔའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། ཁྲེན་ཀོན་གྱི་མིག་དཔེ་དྲུག་གཏོད་རྒྱུ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་འགོ་འཛུགས་སར་བརྩི་རྒྱུ། ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ། དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་དང་སྤྱི་འབོར་བཅས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ། ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་པའི་འགན་ལེན་བྱ་རྒྱུ། གོམ་པ་ཡག་པོ་སྤོ་བ་དང་དངོས་སྒྲུབ་ལ་བརྟེན་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་རྒྱུ། ལྟེ་བའི་གྲོང་ཁུལ་གྱི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ། སྤུས་ཚད་སྔར་ལེགས་སུ་གཏོང་རྒྱུ་བཅས་ཡིན་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社