ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། བསོད་ནམས་ཆོས་སྒྲོན་ཆེ་བ་དང་། དངོས་སྦྱོང་སློབ་མ་ཚེ་བརྟན་སྒྲོལ་མ།
2025ལོར་ཁྲེང་ཀོན་ཆུས་ཀྱིས་དོན་ཆེན་བཞི་དང་འཛུགས་གཏོད་བཞིའི་འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱས་ཏེ། ལྟེ་བའི་གྲོང་ཁུལ་གྱི་འགན་འཁྲི་ཁུར་ནས་འཐབ་ཇུས་ཆེན་པོ་བཞི་ཟབ་ཏུ་གཏོང་བ་དང་། ཁུལ་ལྔའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག སྐྱེ་ཁམས་ལེགས་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་འགྲན་ལམ་ཐོག་འབད་འབུངས་ཧུར་ཐག་བྱས་ཡོད། ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་468ཟིན་པ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སོགས་དམིགས་ཚད་མང་པོ་ཞིག་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བརྟེན་ནས་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་བཏང་སྟེ། ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་འགོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁྲེང་ཀོན་གྱི་ལེའུ་ཞིག་བརྩམས་ཡོད།
འདས་ཟིན་པའི་ལོ་གཅིག་ནང་། ཁྲེང་ཀོན་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་། ལྟེ་བའི་དཔལ་འབྱོར་གྱི་དམིགས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། གྲུབ་འབྲས་ཡག་པོར་བརྟེན་ནས་ལྟེ་བའི་གྲོང་ཁུལ་གྱི་འཕེལ་རྒྱས་ཀྱི་འགན་འཁྲི་ཁུར་ཡོད། འགག་རྩའི་དཔལ་འབྱོར་གྱི་དམིགས་ཚད་མུ་མཐུད་ནས་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། འཕེལ་རྒྱས་ཀྱི་མཉེན་ཆ་དང་མི་མངོན་པའི་སྟོབས་ཤུགས་ཕྱོགས་ཡོངས་ནས་མངོན་གསལ་དོད་དུ་ཕྱིན་པ། དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཆབས་ཅིག་ཏུ་འཕེལ་རྒྱས་ཀྱི་ཁེ་སྤོགས་དེ་ཐོན་ལས་རིམ་སྤོར་དང་། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་ཀྱི་སྤུས་ཚད་མཐོར་གཏོང་བཅས་ཀྱི་ཕན་འབྲས་དངོས་སུ་མུ་མཐུད་དེ་བསྒྱུར་ནས།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མྱུར་ཚད་དང་དྲོད་སྐྱིད་དེ་བས་ལྡན་པར་བྱས་ཡོད།
ཁྲེང་ཀོན་ཆུས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཝང་རུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར། ཁྲེང་ཀོན་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ཐད་བརྟན་ཐོག་ཡར་འཕེལ་དང་མདུན་སྐྱོད་ལེགས་པའི་རྣམ་པ་མངོན་པ་དང་། འཕར་སྣོན་གྱི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་ལེགས་པ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ཚང་མ་འཕར་སྣོན་བྱུང་ཡོད། དེའི་ནང་། དམིགས་ཚད་4ཡི་བསྡོམས་འབོར་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། དམིགས་ཚད་5ཡི་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་106.7ལེགས་གྲུབ་ཟིན་ནས་འཕར་ཚད་བརྒྱ་ཆ་19ཟིན་པ་དང་། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་284.99ཟིན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་ཚད་གཞི་རྒྱུན་མཐུད་ངང་བརྟན་པོ་བྱུང་ཡོད།
རྒྱུགས་ལན་ཡག་པོ་དེའི་རྒྱབ་ཏུ་ཁྲེང་ཀོན་ཆུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་པ་དང་། ས་ཁོངས་ཧྲིལ་པོས་འགག་སྒྲོལ་བྱས་པ་མཚོན་ཡོད། 2025ལོར་མི་རེའི་ཆ་སྙོམས་GDPཡིས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་དང་། གཏན་འཇཊ་རྒྱུ་ནོར་གྱི་མ་འཇོག་གཞི་ཁྱོན་སླར་ཡང་སྒོར་དུང་ཕྱུར་བརྒྱ་ལ་སླེབས་པ། ལོ་ཧྲིལ་པོའི་ཁྲོམ་རའི་བྱེད་པོ་ཁྲི་1.5ལྷག་ཙམ་མང་དུ་ཕྱིན་པ། བསྡོམས་འབོར་དུད་ཚང་ཁྲི་11ལས་བརྒལ་བ། ཚོང་འགུཊ་མ་དངུལ་སྒོར་དུང་ཕྱུར་28.8དང་།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社