ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་ནས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་འགོ་ཚུགས་ལོའི་ཁྲིམས་ལུགས་འཛུགས་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་གཞི་བཀོད་ཡོད།ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་།ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཐད་མྱོང་ཚོར་དང་།འགན་འཁུར།དོན་འཁྱོལ་བཅས་གླེང་སྟེ།ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་དེ་ཁྲིམས་འཛིན་འགན་སྒྲུབ་ཀྱི་དངོས་ཕན་ལ་འགྱུར་བར་བྱེད་པ་དང་།སྤུས་ཚད་མཐོ་བའི་ཁྲིམས་འཛིན་ཞབས་ཞུར་བརྟེན་ནས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད།
འདས་ཟིན་པའི་ལོ་གཅིག་ནང་།ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དམངས་ཆེད་ཁྲིམས་འཛིན་དང་གཞུང་དྲང་ཁྲིམས་འཛིན་མཐའ་འཁྱོངས་བྱས་པས།འདྲི་གཅོད་ལག་བསྟར་ལས་དོན་ཁག་གི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་ཕྱིན་ནས།དུས་བདེའི་ལྷ་ས་དང་ཁྲིམས་སྐྱོང་གི་ལྷ་ས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་ཁྲིམས་འཛིན་གྱི་འགན་ལེན་བྱས་ཡོད།གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་ཁག་གི་གྱོད་གཞི་45433བདག་སྤྲོད་བྱས་པ་དང་།གྱོད་གཞི་37413ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་25.88དང་བརྒྱ་ཆ་25.30སོ་སོར་འཕར་བ་དང་།གྱོད་གཞི་བདག་སྤྲོད་དང་ཐག་གཅོད་བྱེད་ཚད་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་བཅུ་ཆ་བཞི་ཙམ་ཟིན་ཡོད།ལག་བསྟར་ལས་དོན་ལ་མུ་མཐུད་དེ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་ལག་བསྟར་གྱོད་གཞི་20004བདག་སྤྲོད་བྱས་པ་དང་།གྱོད་གཞི་15247ཐག་གཅོད་བྱས་པ་རེད།གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་ལྟར་ཁ་དན་ཚིག་ལ་མ་གནས་པའི་ལག་བསྟར་བྱ་ཡུལ་མི་ཐེངས་4186ཁྱབ་བསྒྲགས་བྱས་པ་དང་།འཛད་སྤྱོད་བྱེད་ཚད་མཐོ་བའི་མི་ཐེངས་7209ལ་ཚོད་འཛིན་བྱས་ཤིང་། ལག་བསྟར་གྱི་ཟིལ་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ།མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་དྲང་སྙོམས་དང་དྲང་བདེན་ཚོར་དུ་བཅུག་ཡོད།
ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲང་ཏ་ལི་ཡིས། གངས་ལྗོངས་ས་མཐོར་ལོ་མང་འབད་འཐབ་བྱས་པའི་ཁྲིམས་འཛིན་པ་ཞིག་ཡིན་པའི་ངོས་ནས།ངས་ཐོག་མཐའ་བར་གསུམ་དུ་ཚོགས་འདུ་གཉིས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས།མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ལམ་ལུགས་དང་།ཁྲིམས་འཛིན་གཏན་འབེབས།ཁྲིམས་འཛིན་གྱོད་གཞི་བཅས་ཚང་མའི་ཁྲོད་དྲང་སྙོམས་དང་དྲང་བདེན་ཚོར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社