分享按钮

མལ་གྲོ་གུང་དཀར་རྫོང་གྲོང་གསེབ་བདེ་སྐྱིད་ཁང་དུ།

གྲོང་གསེབ་ཀྱི་ཆེས་རྒྱུན་གཏན་གྱི་འཚོ་བ་ལས་ བདེ་སྐྱིད་ལྡན་པའི་རྣམ་པ་མངོན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། མོ་རུའེ་དབྱིང་།

ན་ནིང་ནས་བཟུང་། མལ་གྲོ་གུང་དཀར་རྫོང་གིས་རྒན་རྒོན་གཅིག་དང་བྱིས་པ་གཅིག་གི་དམངས་འཚོའི་དོ་ཁུར་ལ་དམིགས་ཏེ། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་གཞི་རིམ་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། སྨན་བཅོས་དང་། རིག་གནས་ལུས་རྩལ། དང་བླངས་ཞབས་ཞུ་སོགས་ཀྱི་ཐོན་ཁུངས་མཁོ་སྤྲོད་བསྡུ་སྒྲིལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཉིན་མོའི་ལྟ་རྟོག་དང་རིག་གནས་རོལ་རྩེད་མཉམ་འགུལ་སོགས་དམངས་ཕན་བྱ་ཐབས་བཏོན་ནས། གྲོང་གསེབ་བདེ་སྐྱིད་ཁང་དེ་དམངས་བདེ་ཁང་ནས་རྒན་རྒོན་དང་གཞོན་ནུ་མཉམ་འདྲེས་ཀྱི་བདེ་སྐྱིད་ལྡན་པའི་འཐབ་ས་ཞིག་ཏུ་རིམ་སྤོར་བྱས་ཤིང་། དམངས་འཚོའི་བྱ་བ་དངོས་མང་ཚོགས་ཀྱི་སེམས་ནང་འཇགས་པར་བྱས་ཏེ། དམངས་འཚོའི་དྲོ་སྐྱིད་གྲོང་གསེབ་ཏུ་ཁྱབ་པར་བྱས་ཡོད།

ཞོགས་པའི་གྲོང་གསེབ་བདེ་སྐྱིད་ཁང་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་རྒན་རྒོན་བཅུ་གྲངས་ཁ་ཤས་ལས་དོན་པ་དང་མཉམ་དུ་ལུས་སྦྱོང་བྱེད་བཞིན་མཆིས། ད་ལོ་དགུང་ལོ་69ལ་སླེབས་པའི་བགྲེས་སོང་ཚེ་རིང་ཆོས་གྲགས་གྲུང་ཤ་དོད་ཅིང་། ཅུང་དལ་པོའི་སྒོ་ནས་ལུས་སྦྱོང་བྱེད་བཞིན་ཡོད། ཁོང་གིས།གསར་འགོད་པར་ད་ཆ་ཉིན་རེའི་ཞོགས་པར་ལས་རོགས་རྒན་གྲས་ཚོ་དང་མཉམ་དུ་ལུས་སྦྱོང་བྱེད་ཀྱི་ཡོད་པས། གཟུགས་པོ་ཐང་པོ་འདུག་ཅེས་བཤད། ལུས་སྦྱོང་ལུས་རྩལ་མཇུག་འགྲིལ་རྗེས། བགྲེས་སོང་འགའ་རེས་ཤོ་རྒྱག་པ་དང་། འགའ་རེས་ཉི་མ་སྲོ་བ། འགའ་རེས་དངོས་ལུགས་ཀྱི་གསོ་བཅོས་བྱེད་པ། འགའ་རེས་ཇ་འཐུང་ཞོར་དུ་ཅི་འཕྲོས་མོལ་འཕྲོས་བྱེད་པ་བཅས་བདེ་ཞིང་སྐྱིད་ལ་བག་ཕེབས་པའི་འཚོ་བར་རོལ་བཞིན་ཡོད།

ཉིན་དགུང་གི་མཚམས་སུ་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་གི་ཟ་ཁང་ནས་དྲི་ཞིམ་འཐུལ་ཞིང་། ཐབ་ཚང་ནང་ལས་དོན་པས་བོད་ཐུག་དང་། ཇ་མངར་མོ། རྩམ་པ་སོཊ་ཁྱད་ལྡན་ཟས་མཆོག་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། བཟའ་བཅའི་རྒྱུ་ཆ་ཚང་མ་ས་གནས་དེ་གའི་ཞིང་འབྲོག་གི་ཐོན་རྫས་སོས་པ་ཤ་སྟག་ཡིན་པས།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-03-16 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། མོ་རུའེ་དབྱིང་། མལ་གྲོ་གུང་དཀར་རྫོང་གྲོང་གསེབ་བདེ་སྐྱིད་ཁང་དུ། 6 6 拉萨日报藏文 c218422.html 1 གྲོང་གསེབ་ཀྱི་ཆེས་རྒྱུན་གཏན་གྱི་འཚོ་བ་ལས་ བདེ་སྐྱིད་ལྡན་པའི་རྣམ་པ་མངོན་པ། /enpproperty-->