ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱི་ཤ་ཚལ་སྒོང་གསུམ་གྱི་མཁོ་སྤྲོད་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཆུ་ཤུར་རྫོང་ཅིང་ཀྲེ་མའོ་ཐེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་སྔོན་ཐོན་གྱི་སྒྲིག་བཀོད་དང་། ཚན་རིག་དང་མཐུན་པའི་དོ་དམ། འབྲེལ་ཐག་ཧྲིལ་པོའི་ཞབས་ཞུ་བཅས་ལ་བརྟེན་ནས་སྔོ་ཚལ་གྱི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་གསོལ་ལྕོག་ཐོག་གི་སྔོ་ཚལ་དང་ཤིང་འབྲས་སོས་པ་དང་། བདེ་འཇགས། མཁོ་སྤྲོད་འདང་ངེས་བཅས་འགན་ལེན་བྱས་ནས་དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་ལས་ཀ་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།
དཔྱིད་ཀ་ཤར་བ་དང་བསྟུན་ནས།གསར་འགོད་པ་ཆུ་ཤུར་རྫོང་ཅིང་ཀྲེ་མའོ་ཐེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་སྔོ་ཚལ་རྟེན་གཞིར་སྐྱོད་སྐབས་གྲལ་སྟར་འགྲིག་པའི་དྲོད་ཁང་ཆེན་མོའི་ནང་སུར་པན་དང་། ཞི་ཀྭ ཞི་ཧུའུ་ལུའུ་སོགས་སྔོ་ཚལ་དང་།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社