分享按钮

འདམ་གཞུང་རྫོང་གྲོང་དཀར་གྲོང་ཚོས་གྲོང་གསེབ་ཀྱི་ལམ་བུ་བཟོས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དགུན་དུས་སུ་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་རྩྭ་ཐང་དུ་བ་མོ་སྲབ་མོ་ཞིག་གིས་གཡོགས་ཡོད་པ་དང་། དུད་ཚང་དུ་བསྐྱོད་སའི་གསར་དུ་བསྐྲུན་པའི་ཨར་འདམ་གཞུང་ལམ་ནག་ཐིང་ངེར་གནས་ཡོད། འགྲོ་ལམ་གཡས་གཡོན་གྱི་ས་ཆ་ཁོད་སྙོམས་ཟིན་པས་དཔྱིད་ཀ་ཤར་ཚེ་རྩྭ་སོན་འདེབས་རྒྱུ་ཡིན་པ་རེད། འདམ་གཞུང་རྫོང་གི་འཚོ་སྡོད་དང་ལས་གཏོད་ལ་འཚམ་པ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུཊ་སྐྲུན་གྱི་དཔེ་སྟོན་ཁུལ་ཞིག་ཡིན་པའི་ངོས་ནས། གྲོང་དཀར་གྲོང་ཚོས་འགྲོ་ལམ་རིམ་སྤོར་སྣེ་ཁྲིད་དུ་བྱེད་པ་དང་། སྐྱེ་ཁམས་སླར་གསོ་དང་ཐོན་ལས་མཉམ་འདྲེས་ལ་སྤྱི་འདོམས་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། དམངས་འཚོ་ལེཊ་གཏོང་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་དུ་འཕེལ་རྒྱས་གཏོང་བ་བཅས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།

གྲོང་དཀར་གྲོང་ཚོའི་མངའ་ཁོངས་སུ་གྲོང་མིའི་ཚོགས་ཆུང་4ཡོད་ཅིང་། སྤུས་ལེགས་ཀྱི་རྩྭ་ར་མུའུ་ཁྲི་8.6ཡོད་པ་དེ་ནི་འབྲོག་པའི་འཚོ་གནས་འཕེལ་རྒྱས་ཀྱི་ཐོན་ཁུངས་གཙོ་བོ་ཞིག་རེད། 2025ལོར། འདམ་གཞུང་རྫོང་གིས་འདུ་འགོད་ཁྲི་སྟོང་གི་ཉམས་མྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་དཀར་གྲོང་ཚོ་འདི་ཉིད་འཆམ་མཐུན་ཤང་གྲོང་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ནང་བཅུག་པ་དང་། ཆེད་དོན་མ་དངུལ་བཏང་ནས་འགྲོ་ལམ་རིམ་སྤོར་གྱི་འདུ་འགོད་ལག་བསྟར་བྱས་ཡོད། མིག་སྔར་ཨར་འདམ་ལམ་སྨི་ངོས་གྲུ་ཁྲི་8.7ཙམ་བཏིང་བ་དང་། རྩྭ་འདེབས་ས་ཁོངས་ཀྱི་སྨི་ངོས་གྲུ་ཁྲི་4.3གྱི་ས་ཁོད་སྙོམས་ཟིན་པ། གནམ་གཤིས་དྲོ་རུ་ཕྱིན་རྗེས་རྩྭ་འདེབས་ལས་དོན་སྤེལ་རྒྱུ་ཡིན་པས། ལམ་ཤར་གཏོང་དང་། སྔོ་ལྗང་། གྲོང་གསེབ་མཛེས་སྡུག་ལྡན་པ་བཅས་ཀྱི་འཛུཊ་སྐྲུན་དམིཊ་ཚད་བརྟན་པོའི་ངང་སྤེལ་བཞིན་ཡོད།

གྲོང་དཀར་གྲོང་ཚོའི་གྲོང་མི་རྒྱལ་པོས། ལམ་མ་བཟོས་གོང་རླངས་འཁོར་གང་བྱུང་དུ་བཏང་ནས་རྩྭ་རར་གཏོར་བརླག་ཚབས་ཆེན་བཏང་ཡོད། ད་ལོར་ལམ་བཟོས་ཟིན་པ་དང་། གཞོགས་གཉིས་ཀྱི་ས་ཁོད་སྙོམས་ཟིན་པས་དཔྱིད་ཀ་ཤར་མ་ཐག་རྩྭ་འདེབས་རྩིས་ཡོད་ཅེས་བཤད།

གཞུང་ལམ་ཤར་གཏོང་ཐུབ་ཚེ་ཐོན་ལས་དར་རྒྱས་ཡོང་བ་དང་། གྲོང་དཀར་གྲོང་ཚོས་སྤུས་ལེགས་ཆུ་ཚན་གྱི་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ། ཆུ་ཚན་གྱི་ཐོན་ཁུངས་དེ་ཁྱད་ལྡན་ཡུལ་སྐོར་གྱི་ལེཊ་ཆར་འགྱུར་བར་བྱས་ཡོད། ཁང་དམར་ཆུ་ཚན་གསོལ་མགྲོན་ཁང་གཉེར་སྐྱོང་བྱས་པ་དེས་གྲོང་ཚོའི་སྤུས་ཚད་མཐོ་བའི་ཡུལ་སྐོར་ཞབས་ཞུའི་སྟོང་ཆ་བསྐངས་པ་དང་ཆབས་ཅིག་ཏུ་ཁེ་ལས་དང་། གྲོང་ཚོ་ཨུ་ལྷན། གྲོང་མི་བཅས་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད་ནས་མང་ཚོགས་ལ་ལས་ཞུཊ་ཀྱི་ལས་གནས་བརྟན་པོ་ཞིག་མཁོ་འདོན་བྱས་ནས་ཞིང་འབྲོག་པ་ཐག་ཉེ་སར་ལས་ཞུགས་ཐུབ་ཡོད།

ཁང་དམར་ཆུ་ཚན་གསོལ་མགྲོན་ཁང་གི་ཡུལ་དངོས་ཀྱི་འགན་འཁུར་བ་ལྷ་མོ་གཡང་འཛོམས་ཀྱིས། ང་ཚོའི་ཁེ་ལས་ཀྱིས་རང་འགུལ་ངང་གྲོང་ཚོ་ཨུ་ལྷན་དང་སྦྲེལ་མཐུད་བྱས་ཏེ། གནད་སྨིན་དབུལ་སྐྱོར་གྱི་འབོད་སྐུལ་དང་ལེན་བྱས་པས། ད་ཆ་ས་གནས་དེ་གའི་གྲོང་མི་15ལས་ཞུཊ་ཐུབ་པ་དང་། ཚང་མར་ཟླ་རེར་ཡོང་འབབ་སྒོར་སུམ་སྟོང་ངམ་ཡང་ན་བཞི་སྟོང་ཙམ་རག་གི་ཡོད། ཕྱིས་འབྱུང་།ང་ཚོས་གྲོང་ཚོའི་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་ཐོན་ལས་བརྟན་པོ་ཡོང་བར་བྱས་ཏེ། ས་གནས་དེ་གའི་མང་ཚོཊ་དེ་བས་མང་བར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས་གྲོང་གསེབ་ཕྱོཊ་ཡོངས་ནས་དར་རྒྱས་ཡོང་རྒྱུར་མཉམ་དུ་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

གྲོང་དཀར་གྲོང་ཚོའི་ཏང་ཀྲི་པུས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དགོས་མཁོ་ཨང་དང་པོར་བཞག་ནས་ཏང་དར་ཕྱོཊ་སྟོན་དུ་འཛིན་པ་དང་། དམངས་འཚོ་ཕྱོཊ་སྟོན་དུ་འཛིན་པ། དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་བཅས་ལས་ཀའི་འདུ་ཤེས་སུ་བྱས་ཏེ། འགྲོ་ལམ་འཛུཊ་སྐྲུན་དང་། སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་དམངས་འཚོའི་བྱ་བ་དངོས་དེ་མང་ཚོཊ་ཀྱི་སེམས་ལ་ཟུག་པར་བྱས་ནས་འཚོ་སྡོད་དང་ལས་གཏོད་ལ་འཚམ་པ་དང་། གྲོང་གསེབ་མཛེས་སྡུག་ལྡན་པའི་ཕུགས་འདུན་དེ་རིམ་བཞིན་མི་རིགས་ཁག་དང་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཉམས་ལེན་ལ་འགྱུར་བར་བྱ་རྒྱུ་རེད།

གྲོང་དཀར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་སྤེན་པས། ཕྱིས་འབྱུང་། ངས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཏང་དར་ཕྱོཊ་སྟོན་དུ་འཛིན་པ་དང་། དམངས་འཚོ་ཕྱོགས་སྟོན་དུ་འཛིན་པ། དཔར་ངར་ཆེན་པོས་མདུན་དུ་སྐྱོད་པ་བཅས་བྱེད་ཐུབ་པ་དང་། སྤུས་ལེགས་ཀྱི་རྩྭ་རའི་ཐོན་ཁུངས་དང་ཆུ་ཚན་གྱི་ཁྱད་ཆོས་ལ་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ཁོར་ཡུག་སྲུང་སྐྱོང་དང་། སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་སུ་གཏོང་བ། ལག་གདང་སྦྲེལ་ནས་གྲོང་གསེབ་དར་རྒྱས་ཀྱི་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཡག་པོ་སྐྱོད་པ་བཅས་བྱས་ཏེ། འཚོ་སྡོད་དང་ལས་གཏོད་ལ་འཚམ་པ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ་བཅས་ཀྱི་གྲོང་གསེབ་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་དུད་ཚང་ཚང་མར་ཕན་པ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད།

གྲོང་དཀར་གྲོང་ཚོའི་འཕོ་འགྱུར་ནི་འདམ་གཞུང་རྫོང་གི་གྲོང་གསེབ་དར་རྒྱས་ལས་དོན་གྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། འདུ་འགོད་ཁྲི་སྟོང་གི་ཉམས་མྱོང་གི་སྣེ་ཁྲིད་འོག་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་། སྐྱེ་ཁམས་ཁོར་ཡུག་ལེགས་གཏོང་བཅས་ཕྱོཊ་གསུམ་གཞི་གཅིག་གི་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བརྒྱུད་རིམ་ལྡན་པའི་ངང་བཏོད་ཡོད། ད་ཆ་འདམ་གཞུང་གི་གྲོང་ཚོ་རེ་རེར་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་སྡོད་ལ་འཚམ་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན་བཅས་ཀྱི་སྤྱིའི་བླང་བྱའི་ཕྱོཊ་སུ་གོམ་སྟབས་བརྟན་པོས་སྐྱོད་བཞིན་ཡོད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།

འདམ་གཞུང་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དབྱང་ཧྭ་ཡིས། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2.47བཏང་ནས་འཚོ་སྡོད་དང་ལས་གཏོད་ལ་འཚམ་པ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ་བཅས་ཀྱི་མ་དཔེ་8བསྐྲུན་པས། མང་ཚོགས་ཁྲི་ཙམ་ལ་ཕན་པ་ཐོབ་སྟེ། དཔེ་སྟོན་གྲོང་གསེབ་འདི་ཉིད་འཚོ་སྡོད་དང་ལས་གཏོད་ལ་འཚམ་པའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་དངོས་འབྲེལ་གྱུར་ནས། ཞིང་འབྲོག་པས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དང་རྦད་དེ་མཐུན་ཡོད། ཕྱིས་འབྱུང་། འདམ་གཞུང་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་མུ་མཐུད་ནས་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་འཚོ་སྡོད་དང་ལས་གཏོད་ལ་འཚམ་པ། གྲོང་གསེབ་མཛེས་སྡུག་ལྡན་པ་བཅས་ཀྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཚོ་སྡོད་དང་ལས་གཏོད་ལ་འཚམ་པ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ་བཅས་ཀྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-02-28 6 6 拉萨日报藏文 c217621.html 1 འདམ་གཞུང་རྫོང་གྲོང་དཀར་གྲོང་ཚོས་གྲོང་གསེབ་ཀྱི་ལམ་བུ་བཟོས་པ། /enpproperty-->